༈ འཕགས་ཡུལ་རྫོང་སར་བཤད་གྲྭ་ཆོས་ཀྱི་བློ་གྲོས་སུ་མི་མང་ལ་ནང་ཆོས་ངོ་སྤྲོད་ཐེངས་གཉིས་པ་གནང་བ།
བོད་རྒྱལ་ལོ་ ༢༡༤༥ སྤྱི་ལོ་ ༢༠༡༨ ཟླ་བ་ ༩ ཚེས་ ༢༣ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༩:༣༠ ནས་ཆུ་ཚོད་ ༡༡ བར་འཕགས་ཡུལ་དཔལ་རྫོང་སར་བཤད་གྲྭ་ཆོས་ཀྱི་བློ་གྲོས་ཀྱི་གཙུག་ལག་ཁང་སྐལ་བཟང་ཆོས་ཀྱི་འབྱུང་གནས་སུ། བཤད་གྲྭ་འདི་གའི་ལས་ཐོག་མཁན་རིན་པོ་ཆེ་བསམ་གྲུབ་མཆོག་ནས་བཤད་གྲྭའི་གཞི་རིམ་སློབ་གྲྭའི་འཛིན་གྲྭ་གོང་མའི་དགེ་སློབ་རྣམས་དང། བྷིར་དང་ཅཱོན་ཏ་ར་གཞིས་ཆགས་ཀྱི་ས་གནས་