འཛུགས་སྐྲུན།

 

༄༅། །འཛུགས་སྐྲུན་སྡེ་ཚན།

 

བཤད་གྲྭའི་འཛིན་སྐྱོང་ལྷན་ཚོགས་ནས་བསྐོ་བཞག་བྱས་པའི་འཛུགས་སྐྲུན་པ་དག་གིས་གཙུག་ལག་ཁང་དང་གྲྭ་ཤག་དེ་བཞིན་དཔེ་མཛོད་དང་རུང་ཁང་ལ་སེར་ཁས་ཉེ་བར་མཚོན་པའི་བཅོས་དགོས་ཀྱི་རིགས་ལ་འདག་ཞལ་དང། ཚོན་མདོག་རྙིང་པར་གྱུར་ན་བསྐྱར་བྱུག དེ་བཞིན་ཁྲུས་ཁང་། ཆབ་ཁང་སོགས་ཀྱི་ཆུ་ཡི་རྐ་ལ་ལ་སོགས་པར་སྐྱོན་ཆ་བྱུང་རིགས་ལ་བསྐྱར་བརྗེ་དང། དེ་བཞིན་འཛིན་སྐྱོང་གི་དགོངས་པ་ལྟར་གྲྭ་ཤག་སོགས་གསར་དུ་བཞེངས་སྐྲུན་དགོས་པ་མཐའ་དག་ལ་བཞེངས་སྐྲུན་གྱི་ཐུགས་འགན་བཞེས་ཀྱི་ཡོད། །