རྩོམ་སྒྲིག

 

 

༄༅། །ཆོས་ཀྱི་བློ་གྲོས་རྩོམ་སྒྲིག་ཁང།

 

སྤྱི་ལོ་ ༢༠༠༨ ལོར་བཤད་གྲྭའི་འཛིན་སྐྱོང་གི་ལམ་སྟོན་འོག་སྤྱི་ཁྱབ་རྩོམ་སྒྲིག་པ་མཁན་པོ་གཅིག་དང། རྩོམ་སྒྲིག་པ་སློབ་མ་གསུམ་ལས་གྲུབ་པའི་རྩོམ་སྒྲིག་ཚོགས་ཆུང་དབུ་བཙུགས། ལོ་དེར་འཕགས་ཡུལ་རྫོང་སར་བཤད་གྲྭ་དབུ་བརྙེས་ནས་ལོ་ཉེར་ལྔ་འཁོར་བའི་དུས་དྲན་གྱི་ཆ་ཤས་སུ་བཤད་གྲྭའི་ལོ་འཁོར་དུས་དེབ་<<ཆོས་ཀྱི་བློ་གྲོས་>>འདོན་ཐེངས་དང་པོ་རྩོམ་སྒྲིག་དང་འགྲེམ་སྤེལ་བྱས། དེ་ནས་བཟུང་<<ཆོས་ཀྱི་བློ་གྲོས་>>དུས་དེབ་ལོ་རེ་བཞིན་འདོན་སྤེལ་བྱས་ནས་སྤྱི་ལོ་ ༢༠༡༦ བར་སྤྱིའི་འདོན་ཐེངས་དགུ་པའི་བར་འདོན་སྤེལ་ཞུས། དེ་བཞིན་༸སྐྱབས་རྗེ་མཁྱེན་བརྩེ་རིན་པོ་ཆེའི་<<གདམས་པའི་ཉིང་ཁུ་གསེར་གྱི་ཡང་ཞུན་>>ཕབ་སྒྲིག་དང་དཔེ་སྐྲུན་ཞུས་པ་དང། སྤྱི་ལོ་ ༢༠༠༨ ལོ་ནས་འགོ་འཛུགས་ཞུས་པའི་ཀུན་དབང་གསུང་འབུམ་ཞུ་སྒྲིག་ཁང་གི་གསུང་འབུམ་ཞུ་སྒྲིག་གི་འཕྲོ་སྤྱི་ལོ་ ༢༠༡༥ ལོར་སློབ་སྤྱི་མཁན་རིན་པོ་ཆེས་རྩོམ་སྒྲིག་ཁང་ལ་གནང་བ་བཞིན་དང་དུ་བླངས་ཏེ་ལོ་དེར་མཁན་རིན་པོ་ཆེ་ཀུན་དགའ་དབང་ཕྱུག་གི་བཀའ་འབུམ་པོད་བཅུ་བཞིའི་བདག་ཉིད་དུ་རྩོམ་སྒྲིག་ཞུས་པས་མཚོན། ཐོབ་ཡིག རྗེས་དྲན། བཅའ་ཡིག གཞུང་འགྲེལ་གྱི་དེབ་སོགས་བཤད་གྲྭ་འདིའི་རྩོམ་སྒྲིག་དང་དཔེ་སྐྲུན་གྱི་བྱ་བ་གང་ཐུབ་ཀྱིས་སྒྲུབ་བཞིན་ཡོད།