ཟབ་སྦྱོང་།

 

༸སྐྱབས་རྗེ་མཁྱེན་བརྩེ་རིན་པོ་ཆེའི་བཀའ་དགོངས་ལམ་སྟོན་གཞིར་བཟུང་རྫོང་སར་བཤད་གྲྭ་ཆོས་ཀྱི་བློ་གྲོས་ཀྱིས་བཤད་གྲྭའི་དགེ་སློབ་རྣམས་ཀྱི་ཤེས་ཡོན་སྒོ་ཀུན་ནས་གོང་མཐོར་གཏོང་ཕྱིར། ཟབ་སྦྱོང་དང་གཏམ་བཤད་འདྲ་མིན་གོ་སྒྲིག་ཞུ་བཞིན་ཡོད། དེ་ཡང་དུས་ཚོད་གང་འོས་སུ་དེང་རབས་ཀྱི་འགྲོས་དང་མཐུན་པར་ནང་དོན་རིག་པའི་ཆེད་མཁས་སྐྱེས་ཆེན་གདན་ཞུས་ཀྱིས་གསུང་ཆོས་གོ་སྒྲིག་དང། སྤྱི་ཚོགས་ནང་གི་དོན་དམ་གྱི་མཁས་དབང་ཁག་གདན་ཞུས་ཀྱིས་གཏམ་བཤད་གོ་སྒྲིག དེ་བཞིན་༸མཁྱེན་བརྩེ་ཐེབས་རྩའི་རྒྱབ་སྐྱོར་གྱི་འོག་ནས་སྔ་ཕྱིར་དུས་རབས་གསར་པའི་དབུ་ཁྲིད་ཟབ་སྦྱོང་དང། དུས་རབས་ཀྱི་མིའི་སེམས་ཁམས་དང་མཐུན་པའི་སློབ་ཁྲིད་ཐབས་ལམ་སྐོར་གྱི་ཟབ་སྦྱོང་། འཇར་མ་ནིའི་ཧམ་བྷག་གཙུག་ལག་སློབ་གྲྭའི་མཁྱེན་བརྩེ་བོད་བརྒྱུད་ནང་བསྟན་གསུང་རབ་ཞིབ་འཇུག་ཁང་གི་ARPIལས་གཞིའི་འོག་ནང་བསྟན་གསུང་རབ་ཞིབ་འཇུག་གི་ཟབ་སྦྱོང་སོགས་རྒྱལ་སྤྱི་རིམ་པའི་མཁས་དབང་གདན་ཞུས་ཀྱིས་ཟབ་སྦྱོང་རིམ་པ་ཕུལ་དང་འབུལ་བཞིན་པ་ཡིན།