དམིགས་ཡུལ།

༄༅། །བཤད་གྲྭ་འདིའི་དམིགས་ཡུལ།

 

རིས་མེད་ཀྱི་སྐྱེས་བུ་ཆེན་པོ་༸སྐྱབས་རྗེ་རྫོང་སར་མཁྱེན་བརྩེ་སྐུ་ཕྲེང་གོང་འོག་གི་རླབས་ཆེན་གྱི་དགོངས་བཞེད་དེ། ཕན་བདེ་འབྱུང་བའི་སྒོ་གཅིག་པུ་མཉམ་མེད་ཤཱཀྱ་ཐུབ་པའི་ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེ་འདི་ཉིད་དར་ཞིང་རྒྱས་པ། འཁོར་བའི་འདུ་འཛི་ལས་ཡིད་ཕྱུང་སྟེ་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་དོན་དུ་གཉེར་བའི་སྐྱེ་བོ་རྣམས་ལ་རྒྱལ་བའི་བཀའ་དང་དེ་འགྲེལ་གྱི་བསྟན་བཅོས་དག་ལ་ཐོས་བསམ་སློབ་གཉེར་ཡང་དག་པ་ཞིག་ཡོང་རྒྱུ། ཕྱི་རོལ་འདུ་འཛི་ལ་ཡིད་རབ་ཏུ་གཡེང་སྟེ་དཔལ་འབྱོར་གྱི་བྲན་གཡོག་ལྟ་བུར་གྱུར་ནས་འདོད་ཆུང། ཆོག་ཤེས། བྱམས་པ། སྙིང་རྗེ། བརྩེ་བ། ཡིད་ཆེས། བསམ་གཞིག གུས་ལུགས། དྲང་བདེན་སོགས་མི་གཤིས་ཀུན་སྤྱོད་སྒོ་ཀུན་ནས་ཉམ་དམས་སུ་གྱུར་ནས་སེམས་ཀྱི་བདེ་སྐྱིད་ཉིན་རེ་བཞིན་ཇེ་ཉུང་དུ་འགྲོ་བཞིན་པའི་སྐབས་འདིར་ནང་བསྟན་རིག་གནས་ཀྱི་ཆེས་ཕུལ་དུ་བྱུུང་བའི་ལེགས་བཤད་ལ་བརྟེན་ནས་འཇིགས་ཡེར་བའི་གནས་བབ་འདི་ཉིད་ལས་སྐྱོབ་ཕྱིར་གྲྭ་པ་གཙོ་བོར་བྱས་པའི་ནང་བསྟན་རིག་གནས་ལ་ནང་བྱན་ཆུབ་པའི་མི་སྣ་གང་མང་སྐྱེད་སྲིང་བྱས་ཏེ་འགྲོ་བ་མིའི་ཁྱིམ་གཞིས་ཆེན་པོ་འདིར་ལེགས་སྐྱེས་གང་ལེགས་འབུལ་ཐབས་བྱ་རྒྱུ་ནི་རྫོང་སར་བཤད་གྲྭ་ཆོས་ཀྱི་བློ་གྲོས་འདི་ཉིད་ཀྱི་དམིགས་ཡུལ་ཡིན།