ཕྱི་རྒྱལ་བ་འཛུལ་ཞུགས།

 

༄༅། །ཕྱི་རྒྱལ་སློབ་མ་གསར་དུ་ཞུགས་སྟངས་ཀྱི་རིམ་པ།

 

བཤད་གྲྭ་འདིར་བོད་དང་རྒྱ་བལ་འབྲུག་གསུམ་གྱི་སློབ་གཉེར་བ་ཕུད་པའི་རྒྱལ་ཁབ་དང་ས་གནས་གཞན་ལས་ཕེབས་པ་རྣམས་ཕྱི་རྒྱལ་གྱི་སློབ་མའི་ཁོངས་སུ་གཏོགས་པ་ཡིན།

བཤད་གྲྭར་ཞུགས་རྒྱུའི་གཞི་རྩའི་ཆ་རྐྱེན་ཁག་དང་འཛིན་གྲྭ་གོང་འོག་ཏུ་ཞུགས་སྟངས་ཀྱི་རིམ་པ་ནི་སྤྱིར་བཏང་སློབ་མ་གསར་ཞུགས་ཀྱི་ཆ་རྐྱེན་དང་འགྲོ་སྟངས་རྣམས་གཅིག་གྱུར་ཡིན་པའི་ཐོག

དམིགས་བསལ་ཕྱི་རྒྱལ་གྱི་མི་སྣ་སློབ་གཉེར་བྱ་འདོད་ཡོད་རིགས་ལ་འདི་ག་བཤད་གྲྭ་ནས་མཐུན་རྐྱེན་སྦྱར་རྒྱུ་ནི། སློབ་ཕྲུག་གི་མཐོང་མཆན་ཞུ་བར་བཤད་གྲྭ་འདིར་སློབ་སྦྱོང་དུ་ཡོང་བར་ངོས་ལེན་ཡོད་པའི་རྒྱབ་གཉེར་ཡི་གེ་དང། འདིར་འབྱོར་ནས་ས་གནས་རྒྱ་གར་ཕྱི་མི་ཞིབ་གཤེར་ལས་ཁུངས་ནས་ལེན་དགོས་པ་བོད་པའི་སྤྱི་ཚོགས་སུ་གནས་སྡོད་ཆོག་པའི་ཡིག་ཆ་PAPཞུ་བའི་ངོས་སྦྱོར་ཡི་གེའི་མཐུན་རྐྱེན་སྦྱོར་རྒྱུ་ཡིན།