བྱེད་སྒོ།

 

༄༅། །ལོ་རེའི་བྱེད་སྒོ་ཁག

 

  1. ཀུན་མཁྱེན་གོ་རམས་པ་དང་འཇམ་དབྱངས་མཁྱེན་བརྩེ་དབང་པོའི་འདས་མཆོད་དེ་བོད་ཟླ་དང་པོའི་ཚེས་ཉེར་གཅིག་ཉིན་ལོ་རེའི་སློབ་ཚན་འཆད་ཁྲིད་འགོ་འཛུགས།
  2. བོད་ཟླ་བཞི་པའི་ཚེས་ཉི་ཤུ་ཉིན་འཆད་རྩོད་རྩོམ་གསུམ་གྱིས་མཁན་རིན་པོ་ཆེའི་འདས་མཆོད་རྗེས་དྲན།
  3. བོད་ཟླ་ལྔ་པའི་ཚེས་དྲུག་གི་ཉིན་འཆད་རྩོད་རྩོམ་གསུམ་གྱིས་ཆོས་ཀྱི་བློ་གྲོས་ཀྱི་འདས་མཆོད་རྗེས་དྲན།
  4. སྤྱི་ཟླ་དྲུག་པའི་ཚེས་བཅོ་བརྒྱད་ཉིན་༸སྐྱབས་རྗེ་མཁྱེན་བརྩེ་རིན་པོ་ཆེའི་འཁྲུངས་སྐར་སྲུང་བརྩི།
  5. སྔོན་འགྲོའི་འཛིན་གྲྭ་དང། དབུ་མ་འཛིན་རིམ་ལྔ་བཅས་ལ་ཡིག་ཚད་ལོན་ན་དབུ་མའི་ཕྱག་འཁྱེར་དང། དེའི་ཐོག་ཏུ་བསྟན་བཅོས་འཛིན་རིམ་གསུམ་གྱི་ཡིག་ཚད་ལོན་ན་བསྟན་བཅོས་ཀྱི་ཕྱག་འཁྱེར་དང། དེའི་ཐོག་ཏུ་སློབ་དཔོན་འཛིན་རིམ་གཉིས་ལ་ཡིག་ཚད་ལོན་ན་སློབ་དཔོན་གྱི་ཕྱག་འཁྱེར་ལོ་ལྟར་ཆོ་འཕྲུལ་ཟླ་བའི་ཚེས་ཉེར་གཅིག་ཉིན་འབུལ་རྒྱུ།
  6. ལོ་རེར་དུས་ཚོད་དང་བསྟུན་ནས་བླ་ཆེན་གདན་ཞུས་ཀྱིས་སྔགས་ཕྱོགས་ཀྱི་གསུང་ཆོས་གོ་སྒྲིག
  7. ལོ་རེར་དུས་ཚོད་དང་བསྟུན་ནས་ཤར་ནུབ་རིག་གནས་མཁས་དབང་གདན་ཞུས་ཀྱིས་ཟབ་སྦྱོང་དང་། འཆད་ཁྲིད། གཏམ་བཤད་གོ་སྒྲིག
  8. ལོ་ལྟར་བོད་ཟླ་དྲུག་པའི་ཚེས་བཅོ་ལྔ་ནས་བོད་ཟླ་བདུན་པའི་ཚེས་སུམ་ཅུ་བར་དབྱར་གནས་དང། ཟླ་བ་བྱུང་ངོ་ཅོག་གི་ཕྱེད་ཕྱེད་ལ་གསོ་སྦྱོང།