༈ ལོ་བརྒྱའི་རྗེས་དྲན་མཛད་སྒོ་ངང་འཐེན་གྱི་གསལ་བརྡ།

༄༅། །ས་གནས་རྒྱལ་ཁབ་ཏུ་ཏོག་དབྱིབས་ནད་ཡམས་ཁྱབ་གདལ་ཤུགས་ཆེར་འགྲོ་མུས་དང། གནས་ཡུལ་གཞུང་གིས་མི་མང་འདུ་འཛོམས་ཀྱི་བྱེད་སྒོའི་རིགས་གཏན་ནས་གཉེར་མི་ཆོག་པའི་ཡོངས་ཁྱབ་བཀོད་ཁྱབ་ཕེབས་དོན་བཞིན་རྫོང་སར་སྨོན་ལམ་ཆེན་མོ་ཕར་འགྱངས་ཀྱི་གསལ་བསྒྲགས་ཕུལ་ཟིན་པ་ལྟར། ཡོངས་ཀྱི་དགེ་བའི་བཤེས་གཉེན་མཁན་ཆེན་ཀུན་དགའ་དབང་ཕྱུག་སྐུ་འཁྲུངས་ནས་ལོ་བརྒྱ་འཁོར་བའི་མཛད་སྒོ་དེ་ཉིད་ཀྱང་གནས་སྐབས་ངང་འཐེན་མི་ཞུ་ཐབས་མེད་བྱུང་། གང་མགྱོགས་ནད་ཡམས་ཞི་འཇམ་དང་བཀག་སྡོམ་ཞི་ལྷོད་ལ་སོང་སྟེ་མཁན་ཆེན་མཆོག་སྐུ་འཁྲུངས་ནས་ལོ་བརྒྱ་འཁོར་བའི་དུས་དྲན་དེ་ཉིད་གང་གི་དངོས་རྒྱུད་ཀྱི་བུ་སློབ་གང་མང་མཉམ་འཛོམས་ཀྱིས་འཚོག་ཐུབ་པའི་ཡིད་ཆེས་ཡོད། མཛད་སྒོ་དངོས་ཀྱི་གནས་དུས་དང་བྱེད་སྒོ་རྣམས་གནས་སྟངས་ལ་གཞིགས་ཏེ་རིམ་པས་གསལ་བསྒྲགས་ཞུ་རྒྱུ་ཡིན།

དུས་དྲན་མཛད་སྒོའི་ཆ་ཤས་རྗེས་དྲན་ཆེད་དེབ་<<མཁན་ཆེན་ཀུན་དགའ་དབང་ཕྱུག་སྐུ་འཁྲུངས་ནས་ལོ་བརྒྱ་འཁོར་བའི་རྗེས་དྲན་ཆེད་དེབ། དུས་རབས་ཀྱི་འཁོར་ལོ>>འི་ཆེད་རྩོམ་འདི་གའི་རྩོམ་སྒྲིག་ཁང་ལ་གནང་ཟིན་པ་རྣམས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་དང། རྗེས་དྲན་ཆེད་རྩོམ་གནང་རྒྱུ་ལྷག་པ་ཡོད་ན་འདི་ལོའི་ལོ་མཇུག་བར་དུ་བཤད་གྲྭའི་ཆོས་ཀྱི་བློ་གྲོས་རྩོམ་སྒྲིག་ཁང་ལ་གནང་འཐུས་ཆོག་པ་ཡིན་ཞུ་རྒྱུ་བཅས།

 

 

རྫོང་སར་བཤད་གྲྭ་ཆོས་ཀྱི་བློ་གྲོས་ཡིག་ཚང་ནས།

སྤྱི་ལོ་ ༢༠༢༠ ཟླ་བ་ ༨ ཚེས་ ༣༡ ཉིན།

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *