
༈ ཚེ་རིང་འགྱུར་མེད།
ཚེ་རིང་འགྱུར་མེད་མཆོག་ནི་སྤྱི་ལོ་ ༡༩༨༤ ཟླ་བ་ ༠༢ ཚེས་ ༡༨ ཉིན་བོད་ཁམས་སྡེ་དགེ་འཇོ་མདའ་རྫོང་གི་ནོར་མ་གྲོང་དུ་འཁྲུངས། ལོ་དྲུག་ནས་ལོ་བཅུ་གཉིས་བར་སློབ་གྲྭ་དང་ལྗོངས་གནས་དགོན་དུ་བསླབ་སྦྱངས་མཛད་ཅིང་ལོ་བཅོ་ལྔའི་ཐོག་ཡ་ཆེན་ཨོ་རྒྱན་བསམ་གཏན་གླིང་དུ་རབ་ཏུ་བྱུང་།