༈ འཕགས་མཆོག་རིན་པོ་ཆེ།

འཕགས་མཆོག་རིན་པོ་ཆེ།

འཕགས་མཆོག་སྐུ་ཕྲེང་བདུན་པ་བསྟན་འཛིན་འཇིགས་མེད་གྲགས་པ་ནི། འབའ་རོམ་བཀའ་བརྒྱུད་ཀྱི་ཚངས་གསར་ལྷའི་གདུང་བརྒྱུད་དུ་གྲགས་པ་དང་གཏེར་ཆེན་མཆོག་གྱུར་གླིང་པའི་ཤ་བརྒྱུད་འབྲེལ་བའི་ཡབ་ཚངས་གསར་༸རྩེ་ཀེ་མཆོག་གླིང་དང་ཡུམ་བདེ་ཆེན་དཔལ་སྒྲོན་གཉིས་ཀྱི་སྲས་སུ། ཕྱི་ལོ་ ༡༩༨༡ ཟླ་ ༥ ཚེས་ ༢༥ ཉིན་བལ་ཡུལ་དུ་སྐུ་བལྟམས། སྟག་ལུང་བཀའ་བརྒྱུད་པའི་འཕགས་མཆོག་སྐུ་ཕྲེང་བདུན་པའི་ཁྲི་འདོན་མཛད།

 

དགུང་ལོ་བཅོ་ལྔའི་བར་དུ་འདོན་རྟ་དབྱངས་གར་མཆམ་སོགས་དང་དག་ཡིག་སུམ་རྟགས་སོགས་ཐུན་མོང་གི་རིག་གནས་ལ་བསླབས་ཤིང་། དེ་ནས་སྐུའི་མེས་ཨོ་རྒྱན་རིན་པོ་ཆེའི་བཀའ་ལྟར་རྫོང་སར་བཤད་གྲྭར་དགུང་ལོ་ཉེར་གཅིག་བར། མཁན་ཆེན་ཀུན་དགའ་དབང་ཕྱུག་དང་མཁན་རིན་ཆེན་སོགས་ལས་གཞུང་ཆེན་གསན་ཅིང་༸རྒྱལ་དབང་བཅུ་བཞི་པའི་ཕྱག་ནས་མཁན་པོའི་མཚན་གནས་ཀྱང་བཞེས།

 

དེ་ནས་བལ་ཡུལ་བཀའ་རྙིང་བཤད་སྒྲུབ་གླིང་གཙོས་དགོན་ལག་ཁག་དང་འཛམ་གླིང་ཤར་ནུབ་དག་ཏུ་ཆོས་ཚོགས་རྣམས་སུ་གང་མཁོ་ཡི་ཆོས་འཁོར་བསྐོར་བ་དང་འཛིན་སྐྱོང་གནང་བཞིན་ཡོད། དེ་བཞིན་མཆོག་གྱུར་གླིང་པའི་ཐེབས་རྩ་ཚོགས་པ་སོགས་ལ་བརྟེན་ནས་དགོན་སྡེ་ཁག་དང་ས་ཆུ་སོགས་རང་འབྱུང་གི་གནོད་འཚེ་ཅན་ལ་རོགས་རམ་རྒྱ་མི་ཆུང་བ་གནང་བཞིན་ཡོད་པ་སོགས་བསྟན་པ་རིན་པོ་ཆེ་བཤད་སྒྲུབ་གཉིས་ཀྱིས་འཛིན་བཞིན་བཞུགས་ཡོད་པ་ལགས་སོ། །

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *