
༈ ཡོངས་ཀྱི་དགེ་བའི་བཤེས་གཉེན་མཁན་ཆེན་ཀུན་དགའ་དབང་ཕྱུག་མཆོག་གི་དགོངས་རྫོགས་མཆོད་འབུལ་ཐེངས་བཅུ་པ་ཟབ་རྒྱས་ཀྱི་སྒོ་ནས་ཚོགས་པ།
སྤྱི་ལོ་ ༢༠༡༨ ཟླ་བ་ ༠༥ ཚེས་ ༠༥ ཉིན་སྐྱབས་རྗེ་བདེ་བར་གཤེགས་པ་མཁན་ཆེན་ཀུན་དགའ་དབང་ཕྱུག་དགོངས་པ་ཆོས་དབྱིངས་སུ་ཐིམ་ནས་མི་ལོ་བཅུ་ཧྲིལ་པོར་འཁོར་བའི་དུས་དྲན་ཁྱད་པར་ཅན་ཁེལ་བས། འཕགས་ཡུལ་རྫོང་སར་བཤད་གྲྭར་བཤད་གྲྭའི་འདུས་མང་ཡོངས་དང་། ཕྱོགས་མཐའ་ཁག་ནས་ཕེབས་པའི་མཁན་རིན་པོ་ཆེའི་དངོས་བརྒྱུད་ཀྱི་སློབ་མ་དང་དད་ལྡན་མི་མང་ཚང་མས་མཉམ་འཛོམས་ཐོག་ཉིན་གཉིས་ཀྱི་རིང་དགོངས་རྫོགས་མཆོད་འབུལ་ཟབ་རྒྱས་ཞུས་པ་དང་།