༈ ཚེ་དབང་དོན་གྲུབ།

ཚེ་དབང་དོན་གྲུབ།

ཚེ་དབང་དོན་གྲུབ་མཆོག་ནི་ཕ་བསོད་ནམས་བསྟན་འཛིན་དང་མ་ཚེ་རིང་ལྷ་མོ་གཉིས་ཀྱི་བུ་རུ་རྒྱ་གར་བྱང་ཕྱོགས་ཧི་མ་ཅལ་སྤྱི་ཏི་རུ་འཁྲུངས། ཕྱི་ལོ་ ༡༩༩༥ ལོར་ཀ་སྤུག་ཟངས་མདོག་དཔལ་རིའི་དགོན་པ་རུ་བླ་མ་འཆི་མེད་ཀྱི་མདུན་དུ་གཙུག་ཕུད་བྲེགས་ནས་རབ་ཏུ་བྱུང་། ལོ་ལྔའི་རིང་དགོན་པ་དེར་འབྲི་ཀློག་དང་སུམ་རྟགས་དག་གསུམ་སོགས་སྦྱངས་པ་མཛད། ཕྱི་ལོ་ ༢༠༠༠ ལོར་ཕ་ཡུལ་དུ་ལོག་ནས་ཕ་ཡུལ་གྱི་དགོན་པ་ཨོ་རྒྱན་གསང་སྔགས་ཆོས་གླིང་དུ་ལོ་གཉིས་རིང་ཆོ་ག་ཕྱག་ལེན་དང་གར་འཆམ་སོགས་སྦྱངས།

ཕྱི་ལོ་ ༢༠༠༢ ལོའི་ལོ་སྨད་ཙམ་ལ་འཕགས་ཡུལ་རྫོང་སར་བཤད་གྲྭར་ཞུགས། ཕྱི་ལོ་ ༢༠༡༢ ལོར་བསླབ་པ་མཐར་སོན་གནང་ནས་ཕྱི་ལོ་ ༢༠༡༦ བར་ལ་སྐྱོར་དཔོན་དང་དགེ་རྒན་ལོ་གཉིས་རེ་བྱས་ནས་བཤད་གྲྭ་རུ་ཞབས་ཕྱི་བསྒྲུབས། ༢༠༡༦ ནས་སྤྱི་ཏིའི་ས་སྐྱའི་བཙུན་མའི་བཤད་གྲྭ་བཙུན་དགོན་བརྩེ་ཆེན་ཆོས་གླིང་དུ་ཕྱི་ལོ་ ༢༠༢༢ བར་གཞུང་ཆེན་བཀའ་པོད་དྲུག་སོགས་ལ་དཔེ་ཁྲིད་གནང་ནས་བསྟན་པའི་ཞབས་ཕྱི་ཞུས། ད་ལྟ་སླར་ཡང་རང་ཉིད་ལ་ཆོས་དང་ཟང་ཟིང་གང་སྤྱིའི་ཐོག་ནས་བཀའ་དྲིན་གཞལ་དཀའ་བའི་རྫོང་སར་བཤད་གྲྭར་དཔེ་ཁྲིད་དགེ་རྒན་བྱེད་བཞིན་ཡོད།

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *