༈ འཕགས་ཡུལ་རྫོང་སར་བཤད་གྲྭར་དམིགས་བསལ་བགྲོ་གླེང་ཐེངས་གཉིས་པ་འཚོགས་པ།

དམིགས་བསལ་བགྲོ་གླེང་ཐེངས་གཉིས་པའི་རྣམ་པ།

དམིགས་བསལ་བགྲོ་གླེང་ཐེངས་གཉིས་པའི་རྣམ་པ།

འཕགས་ཡུལ་རྫོང་སར་བཤད་གྲྭའི་འཛིན་སྐྱོང་ལྷན་ཚོགས་ཀྱིས་དགེ་ཕན་དུ་མ་ལ་དམིགས་ཏེ་དེང་རབས་དང་མཐུན་པར། རྩོམ་ཤོག་སྒྲོག་སྦྱང་གི་བགྲོ་གླེང་ལོ་རེ་ལ་ཐེངས་གཉིས་དང་། ཐེངས་རེར་འཛིན་རིམ་བཞི་ནས་བགྲོ་གླེང་ལ་མཉམ་ཞུགས་བྱེད་པའི་ཐོག་ནས་འཚོག་དགོས་པའི་ཐག་གཅོད་ལྟར། ལོ་འདིའི་བགྲོ་གླེང་ཐེངས་གཉིས་པ་དེ་བཞིན་སྤྱི་ལོ་ ༢༠༡༩ ཟླ་བ་ ༡༡ པའི་ཚེས་ ༡༩ ཉིན་བཤད་གྲྭའི་ཡིག་ཚད་ཚོགས་ཆུང་གི་གོ་སྒྲིག་འོག་ཚོགས་ཡོད།

དམིགས་བསལ་བགྲོ་གླེང་ཐེངས་གཉིས་པའི་རྣམ་པ།

དམིགས་བསལ་བགྲོ་གླེང་ཐེངས་གཉིས་པའི་རྣམ་པ།

ཐེངས་འདིར་ཡང་༸སྐྱབས་རྗེ་གདུང་སྲས་ཨ་བྷ་ཡ་བཛྲ་རིན་པོ་ཆེ་མཆོག་དབུར་བཞུགས་ཐོག མཁན་པོ་འཇམ་དབྱངས་བསམ་འཕེལ་དང་། མཁན་པོ་བསྟན་འཛིན་ཕུན་ཚོགས། མཁན་པོ་ཚེ་རིང་འགྱུར་མེད་བཅས་ནས་གཙོ་སྐྱོང་བའི་ཐུགས་འགན་བཞེས་པའི་ཐོག་སློབ་དཔོན་ལོ་རིམ་ཐ་མ་འཛིན་རིམ་བཅུ་པའི་སློབ་མ་ཟླ་བ་ཚེ་རིང་ནས་རྩ་བའི་སློབ་ཚན་རྒྱུ་བླ་མ་དང་འབྲེལ་ཏེ་ <བདེ་བཤེགས་སྙིང་པོ་ལ་དཔྱད་པ། > ཞེས་པ་དང་།  བསྟན་བཅོས་ལོ་རིམ་གཉིས་པ་འཛིན་རིམ་བདུན་པའི་སློབ་མ་ངག་དབང་ཐེག་མཆོག་ནས་རྩ་བའི་སློབ་ཚན་འདུལ་བ་དང་འབྲེལ་ཏེ་  <སྔོན་ཆོག་ལ་དཔྱད་པ།> ཞེས་པ་དང་། བསྟན་བཅོས་ལོ་རིམ་དང་པོ་འཛིན་རིམ་དྲུག་པའི་སློབ་མ་བསྟན་པ་བཟང་པོ་ནས་རྩ་བའི་སློབ་ཚན་ཤེར་ཕྱིན་དང་འབྲེལ་ཏེ་ <བོད་ཀྱི་སློབ་དཔོན་རྣམས་ཀྱི་ཐེག་པ་གཅིག་དང་ཐ་དད་ཀྱི་བཞེད་པར་དཔྱད་པ་གཏམ་རྒྱ་མ་དོ།> ཞེས་པའི་མཚན་བྱང་གི་འོག་རྣམ་དཔྱོད་ཀྱི་རྩལ་ལས་ལུང་དང་རིགས་པས་བརྒྱན་པའི་མཐའ་ཆོད་པའི་དཔྱད་རྩོམ་སྒྲོག་སྦྱང་གནང་བ་ལ། དྲི་བ་འདོན་མཁན་རྣམས་ཀྱིས་རྩོམ་ཤོག་རང་དང་འབྲེལ་བའི་ཐོག་ནས་དོགས་འདྲི་བཀོད་དེ་བགྲོ་གླེང་གནད་དུ་ཁེལ་བ་མཛད།

གཙོ་སྐྱོང་བས་གསུང་བཤད་གནང་བཞིན་པ།

གཙོ་སྐྱོང་བས་གསུང་བཤད་གནང་བཞིན་པ།

གཙོ་སྐྱོང་བ་མཁན་པོ་ཚེ་རིང་འགྱུར་མེད་ནས་བགྲོ་གླེང་གནང་བ་པོའི་དཔྱད་རྩོམ་གྱི་ཐོག་ཏུ་བོད་ཀྱི་ཆོས་བརྒྱུད་རྣམས་ཀྱི་བདེ་བཤེགས་སྙིང་པོའི་འདོད་ཚུལ་སོགས་སློབ་མ་རང་ནས་གཞུང་ལུགས་མང་དག་གཅིག་ལ་བཀླགས་པའི་ངལ་བ་བསྟེན་པ་ལ་བསྟོད་བསྔགས་དང་། གཙོ་སྐྱོང་བ་མཁན་པོ་འཇམ་དབྱངས་བསམ་འཕེལ་ནས་འདུལ་བའི་རྩོམ་ཤོག་གི་ཐོག་ཏུ་དཔྱད་བརྗོད་བྱས་པའི་ཚུལ་ཉིད་བོད་ཀྱི་མཁས་གྲུབ་གོང་མ་རྣམས་ཀྱི་ཚུལ་དང་མཐུན་པ་ལ་བསྔགས་བརྗོད་དང་། ལུང་རིགས་གཉིས་ཀྱི་ཐོག་ནས་ཐ་ཆོད་པར་བྱེད་ན་ཉམས་སུ་ལེན་པའི་ཚེ་དཀའ་བ་མེད་པས་ངེས་པར་དུ་མཁས་པ་གོང་མ་རྣམས་ཀྱི་གཞུང་ལུགས་སུ་འབྱུང་བའི་དཔྱད་པ་བྱེད་ཚུལ་ཉིད་ཀྱི་ཐོག་ནས་སྤྲོས་པ་ཆོད་པར་བྱེད་དགོས་པར་གསུངས་ཤིང་། གཙོ་སྐྱོང་བ་མཁན་པོ་བསྟན་འཛིན་ཕུན་ཚོགས་ནས་ཤེར་ཕྱིན་གྱི་རྩོམ་ཤོག་ཏུ་བཤད་བྱ་རྩ་བའི་མདོ་ལའང་དོགས་སློང་བྱེད་པ་མི་འོས་ཀྱང་ལུང་རིགས་ཀྱི་བརྡར་ཤ་གཅད་པ་ལུགས་དང་མཐུན་པར་གསུངས་ཡོད།

བགྲོ་གླེང་གནང་མཁན་ནས་རྩོམ་ཤོག་ཀློག་བཞིན་པ།

བགྲོ་གླེང་གནང་མཁན་ནས་རྩོམ་ཤོག་སྒྲོག་སྦྱང་གནང་བཞིན་པ།

མཇུག་མཐར་བགྲོ་གླེང་གོ་སྒྲིག་གནང་མཁན་མཁན་པོ་འཇམ་དབྱངས་བསྟན་པ་ནས་དུས་རབས་འདིར་སློབ་མ་རྣམས་ཀྱི་ཀུན་སྤྱོད་ལ་ངེས་པར་དུ་གཟབ་དགོས་པ་དང་། ཀུན་སྤྱོད་གཞན་གྱི་མིག་ལམ་དུ་མཛེས་མིན་ལ་སྣང་མེད་དུ་འཇོག་མི་རུང་ཞིང་། གཞུང་ལུགས་ཆེན་པོ་ལ་སྦྱང་པ་གནང་དུས་རང་ནས་རང་གི་འཕྲོད་བསྟེན་ལ་ཅི་ནས་ཀྱང་ཐུགས་གཟབ་བྱེད་དགོས་ཞིང་། རྒྱུན་ལྡན་ནས་གྲང་ནད་སོགས་ནད་དང་ན་ཚ་སོགས་ལ་ཅི་ཐུབ་ཀྱི་འཛེམ་དགོས་ལ་རང་གི་ལུས་ལ་གཅེས་སྤྲས་དགོས་པའི་ཚུལ་སོགས་གསུངས་ནས་ལོ་འདིའི་དམིགས་བསལ་བགྲོ་གླེང་མཇུག་བསྡུས་ཡོད།

རྩོམ་ཤོག་གི་སྟེང་དུ་དོགས་འདྲི་གནང་བཞིན་པ།

རྩོམ་ཤོག་གི་སྟེང་དུ་དོགས་འདྲི་འགོད་བཞིན་པ།

དམིགས་བསལ་བགྲོ་གླེང་ཐེངས་གཉིས་པའི་རྣམ་པ།

དམིགས་བསལ་བགྲོ་གླེང་ཐེངས་གཉིས་པའི་རྣམ་པ།

དམིགས་བསལ་བགྲོ་གླེང་ཐེངས་གཉིས་པའི་རྣམ་པ།

དམིགས་བསལ་བགྲོ་གླེང་ཐེངས་གཉིས་པའི་རྣམ་པ།

བགྲོ་གླེང་གོ་སྒྲིག་གནང་མཁན་ནས་མཇུག་བསྡུས་གསུང་བཤད་གནང་བཞིན་པ།

བགྲོ་གླེང་གོ་སྒྲིག་གནང་མཁན་ནས་མཇུག་བསྡུས་གསུང་བཤད་གནང་བཞིན་པ།

 

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *