༈ འཇམ་དབྱངས་བློ་གསལ།

འཇམ་དབྱངས་བློ་གསལ།

སྤྱི་ལོ་ ༡༩༦༨ ལོར་འཁྲུངས། དགུང་ལོ་ ༢༠ ཐོག་ངོར་ཀླུ་ལྡིང་མཁན་རིན་པོ་ཆེ་འཇམ་དབྱངས་བསྟན་པའི་ཉི་མ་མཆོག་གི་སྐུ་མདུན་ནས་བསྙེན་པར་རྫོགས། སྤྱི་ལོ་ ༡༩༨༦ ལོར་འཕགས་ཡུལ་རྫོང་སར་བཤད་གྲྭར་མཁན་རིན་པོ་ཆེ་ཀུན་དགའ་དབང་ཕྱུག་གི་ཞབས་ལ་གཏུགས་ཏེ་གྲགས་ཆེན་བཅོ་བརྒྱད་ཆ་ལག་དང་བཅས་པར་གསན་བསམ་མཐར་ཕྱིན་པར་མཛད། ༸གོང་ས་ཐམས་ཅད་མཁྱེན་པ། ༸སྐྱབས་མགོན་གོང་མ་རིན་པ་ཆེ། ངོར་ཀླུ་ལྡིང་མཁན་རིན་པོ་ཆེ། སྐྱབས་རྗེ་རྫོང་སར་མཁྱེན་བརྩེ་རིན་པོ་ཆེ། མཁན་རིན་པོ་ཆེ་ཨ་པད་སོགས་ཀྱི་སྐུ་མདུན་ནས་མདོ་སྔགས་ཀྱི་ཆོས་ཚུལ་མང་དུ་མནོས། སྤྱི་ལོ་ ༡༩༩༢ ལོར་སྐྱོར་དཔོན་དང། སྤྱི་ལོ་ ༡༩༩༥ ལོར་མཁན་པོའི་མཚན་གནས་བཞེས་ཏེ་གཞུང་ཆེན་ཕལ་ཆེ་བ་ལན་གྲངས་དུ་མ་དང་སྔགས་སྐོར་མཛེས་རྒྱན་གཉིས་དང་རྩ་རྒྱུད་བརྟག་གཉིས་བཅས་ལོ་མང་རིང་འཆད་ཁྲིད་མཛད། སྤྱི་ལོ་ ༡༩༩༢ ལོར་སྐྱབས་རྗེ་མཁྱེན་བརྩེ་རིན་པོ་ཆེས་བཤད་གྲྭའི་འཛིན་སྐྱོང་ཚོགས་མིར་བསྐོ་བཞག་མཛད་པ་ནས་བཟུང་འཛིན་སྐྱོང་ཚོགས་མི་དང་དངུལ་གཉེར་སོགས་ཀྱི་ཕྱག་ལས་ལོ་མང་གནང། སྤྱི་ལོ་ ༢༠༠༣ ལོ་ནས་ལོ་ཤས་རིང་ལས་ཐོག་མཁན་པོ་དང། སྤྱི་ལོ་ ༢༠༠༨ ལོར་མཁན་རིན་པོ་ཆེ་དགོངས་པ་ཞི་བར་གཤེགས་སྟབས། ༸སྐྱབས་མགོན་གོང་མ་རིན་པོ་ཆེ་མཆོག་དང་སྐྱབས་རྗེ་མཁྱེན་བརྩེ་རིན་པོ་ཆེས་རྣམ་གཉིས་ནས་བསྐྱར་དུ་བཤད་གྲྭའི་མཁན་པོ་ཁྲི་པར་བསྐོ་བཞག་གནང་བ་ནས་བཟུང་སྤྱི་ལོ་ ༢༠༡༣ ལོ་བར་ལས་ཐོག་མཁན་པོའི་ཐུགས་འགན་བཞེས། དེང་སྐབས་བར་སེང་གི་སྐབས་སོགས་སུ་ཕྱི་ཡི་རྒྱལ་ཁབ་རྣམས་ལ་འཆད་ཁྲིད་མཛད་པར་ཕེབས་པ་ལས་གཞན་བཤད་གྲྭར་རྒྱུན་ཞུགས་མཛད་དེ་གཙོ་བོར་བསྙེན་མཚམས་ལ་བཞུགས་བཞིན་ཡོད་པ་བཅས་སོ། །

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *