༈ ཀརྨ་དབང་ཕྱུག

ཀརྨ་དབང་ཕྱག

ཆོས་ལྡན་འབྲུག་གི་རྒྱལ་ཁབ་ཤར་ཕྱོགས་བཀྲ་ཤིས་གཡང་རྩེ་སྟོང་ཞང་ཁྲུས་དགོན་དུ་འཁྲུངས། དགུང་ལོ་ལྔ་ནས་སྒོམ་སྡེ་ནང་བོད་ཁམས་ཕྱོགས་དབོན་སྟོད་བཤད་གྲྭའི་མཁན་ཆེན་མཁྱེན་རབ་ཆོས་ཀྱི་འོད་ཟེར་གྱི་བུ་སློབ་དགེ་བཤེས་སངས་རྒྱས་རྒྱ་མཚོ་དང་དགེ་བཤེས་པད་དཀར། སེ་ར་ར་ཧོར་ཆོས་གྲགས་ཀྱི་བུ་སློབ་དགེ་བཤེས་ཨོ་རྒྱན་བསྟན་འཛིན་སོགས་ཀྱི་མདུན་ནས་མི་ལོ་བཅོ་ལྔའི་རིང་སྔོན་འགྲོ་བསགས་སྦྱང་དང་ཐོས་པ་གང་འཚམ་མཛད། དེ་རྗེས་༸སྐྱབས་རྗེ་ནམ་མཁའི་སྙིང་པོ་རིན་པོ་ཆེའི་མཁར་ཆུ་གྲྭ་ཚང་དུ་ཆོས་ཞུགས་མཛད། སྤྱི་ལོ་ ༡༩༨༣ ལོར་༸སྐྱབས་རྗེ་ནམ་སྙིང་རིན་པོ་ཆེའི་ཞབས་ཕྱི་གནང་སྟེ་རྒྱ་གར་འབྲས་ལྗོངས་སུ་མཁན་ཆེན་ཀུན་དགའ་དབང་ཕྱུག་གི་ཞབས་ལ་གཏུགས་ཏེ་སྤྱོད་འཇུག་ནས་བཟུང་སྟེ་བྷིར་རྫོང་སར་བཤད་གྲྭ་སྐལ་བཟང་ཆོས་ཀྱི་རྒྱ་མཚོ་རུ་ལོ་ངོ་བརྒྱད་དང་ཕྱེད་རིང་གཞུང་ཆེན་བཅུ་གསུམ་ཆ་ལག་དང་བཅས་པ་སྦྱངས་པ་མཐར་ཕྱིན་མཛད། དེ་ནས་མའེ་སོར་སྔ་འགྱུར་མཐོ་སློབ་ཏུ་སློབ་གཉེར་དུ་ལོ་གཅིག་བཞུགས། མཁན་རིན་པོ་ཆེ་འབྲུག་ཏུ་ཕེབས་དུས་ཞབས་ཕྱི་གནང།

 

སྤྱི་ལོ་ ༡༩༩༤ ལོར་འབྲུག་བུམ་ཐང་མཁར་ཆུ་གྲྭ་ཚང་དུ་༸སྐྱབས་རྗེ་ནམ་སྙིང་རིན་པོ་ཆེའི་བཀའ་བཀོད་ལྟར་མཁར་ཆུའི་བཤད་གྲྭ་ཐོག་མར་དབུ་འཛུགས་ཀྱི་གཙོ་འགན་བཞེས་ནས་ལོ་ངོ་བཅོ་ལྔ་ལྷག་དཔེ་ཁྲིད་དང་འཛིན་སྐྱོང་གི་ཐུགས་འགན་བཞེས། སྤྱི་ལོ་ ༢༠༠༣ ལོར་རྫོང་སར་བཤད་གྲྭ་ཆོས་ཀྱི་བློ་གྲོས་སུ་༸སྐྱབས་རྗེ་མཁྱེན་བརྩེ་རིན་པོ་ཆེས་༸གོང་ས་སྐྱབས་མགོན་ཆེན་པོའི་ཕྱག་ནས་མཁན་པོའི་ཕྱག་འཁྱེར་གནང། ད་ལྟ་མཁར་ཆུའི་བཤད་གྲྭའི་མཁན་ཟུར་མཛད་དེ་བཤད་གྲྭ་དེ་རང་དུ་འཆད་ཁྲིད་དང་སྐུ་རྟེན་གསར་བཞེངས་ཀྱི་ཞབས་ཞུ་སྒྲུབ་བཞིན་པ་བཅས་སོ། །

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *