རིན་ཆེན་རྡོ་རྗེ།

རིན་ཆེན་རྡོ་རྗེ།

ཁོང་ནི་ཁྲི་སྟེང་རབ་བརྟན་ཚང་གི་ཕ་རྟ་མགྲིན་དང་མ་སིན་མ་གཉིས་ཀྱི་བུར། སྤྱི་ལོ་༡༩༨༤ཟླ་བ་༠༤ཚེས་༢༠ ཉིན་ལ་སྐྱེས། ལོ་བཅུ་གསུམ་ནས་དཔལ་ལྡན་གུ་ཎ་དགོན་པའི་ཆོས་སྒོར་ཞུགས་ཏེ་དགོན་པའི་འདོན་ཆོག་རྣམས་ལ་སྦྱངས། སྐབས་དེར་གུ་ཎ་པཎ་ཆེན་གྱི་ཞལ་མངའ་ནས་དབང་ལུང་ཁྲིད་སོགས་དུ་མ་ཐོབ། དེ་ནས་རང་ལོ་བཅོ་བརྒྱད་ལ་ཐོག་མར་དཔལ་ལྡན་འོད་འཕྲེང་བཤད་གྲྭར་ཞུགས་ཏེ་གཞུང་ཆེན་ཁག་ལ་ཐོས་བསམ་བྱེད་འགོ་བཙུགས། རྫོང་སར་ཁམས་བྱེའི་བཤད་གྲྭ་སོགས་ལ་ལོ་ཤས་རིང་སློབ་གཉེར་བྱས། དེ་དུས་མཁན་ཆེན་པདྨ་དམ་ཆོས་མཆོག་དང་། ཐར་རྩེེ་མཁན་རིན་པོ་ཆེ་རྣམ་གཉིིིས་ཀྱི་ཞལ་མངའ་ནས་ལམ་འབྲས་སོགས་བཀའ་ཆོས་མང་དུ་ཐོབ། དེ་ནས་རིམ་གྱིས་འཕགས་ཡུལ་དུ་འབྱོར། བྱེས་ཀྱི་བཤད་གྲྭ་༸དཔལ་རྫོང་སར་བཤད་གྲྭ་ཆོས་ཀྱི་བློ་གྲོས་སུ་མི་ལོ་བཅུ་གསུམ་ལྷག་ཙམ་གཞུང་ཆེན་བཅུ་གསུམ་དང་། གྲགས་ཆེན་བཅོ་བརྒྱད། མཐོ་རིམ་རིག་གནས་རྣམས་ལ་ཐོས་བསམ་བྱས་ཏེ་དབུ་མ། བསྟན་བཅོས། སློབ་དཔོན། མཐོ་རིམ་རིག་གནས་རབ་འབྱམས་པའི་ཕྱག་འཁྱེར་ཡང་རིམ་བཞིན་ཐོབ། བཤད་གྲྭ་འདི་གའི་འཛིན་སྐྱོང་ལྷན་ཚོགས་ཀྱིས་སྨོན་ལམ་ཚིག་མཛོད་ཆེན་མོའི་ནང་ཚན་ས་སྐྱ་པའི་རྩོམ་སྒྲིག་སྡེ་ཚན་ལ་ལོ་གསུམ་གྱི་ཡུན་ལ་སྲིད་ཞུ་སྒྲུབ་པའི་སྐལ་བཟང་གི་གོ་སྐབས་གནང་བ་བཞིན་ཞབས་ཏོགས་ཞུས་པས་དབུས་སྨོན་ལམ་ཚིག་མཛོད་རྩོམ་སྒྲིག་ཁང་ནས་ལེགས་སྤྱད་ཕྱག་འཁྱེར་ཡང་ཐོབ་ཅིང་། དེའི་རྗེས་སུ་རྫོང་སར་བཤད་གྲྭ་ནས་སྐྱོར་དཔོན་དང་དགེ་རྒན་བཅས་ཀྱི་མཚན་གནས་རིམ་བཞིན་བསྩལ་བ་ཇི་ལྟར་ད་ལྟ་དགེ་རྒན་གྱི་ཕྱག་ལས་གནང་བཞིན་པའོ། །

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *