༈ སྒྲུབ་ཐབས་ཀུན་བཏུས་ཀྱི་གསུང་ཆོས་གསལ་བརྡ།

འཕགས་ཡུལ་དཔལ་རྫོང་སར་བཤད་གྲྭ་ཆོས་ཀྱི་བློ་གྲོས་ཀྱི་འདུས་སྤྱི་ཡིས་རིང་ནས་གསོལ་བ་ཕུར་ཚུགས་སུ་བཏབ་པ་བཞིན། རྗེ་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་པདྨ་འོད་གསལ་མདོ་སྔགས་གླིང་པ་སྐུ་བལྟམས་ནས་ལོ་ཉིས་བརྒྱ་འཁོར་བའི་དུས་དྲན་གྱི་ཆ་ཤས་སུ། རིས་མེད་བསྟན་པ་རྒྱ་མཚོའི་མངའ་བདག་༸སྐྱབས་རྗེ་རྫོང་སར་འཇམ་དབྱངས་མཁྱེན་བརྩེ་རིན་པོ་ཆེ་མཆོག་གི་ཞལ་སྔ་ནས། སྤྱི་ལོ་ ༢༠༢༢ ཟླ་བ་ ༡༠ ཚེས་ ༡ ཉིན་ནས་དབུ་འཛུགས་ཀྱིས་ ༼སྒྲུབ་ཐབས་རིན་པོ་ཆེ་ཀུན་ལས་བཏུས་པ༽ རྗེ་འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ནས་བརྒྱུད་པའི་བཀའ་ཆོས་བསྩལ་གནང་མཛད་རྒྱུ་དང། བཀའ་ཆོས་ཀྱི་མཇུག་ཏུ་རྫོང་སར་བཤད་གྲྭའི་མཁན་སློབ་འདུས་མང་ཡོངས་ཀྱིས་༸སྐྱབས་རྗེ་མཁྱེན་བརྩེ་རིན་པོ་ཆེར་བརྟན་བཞུགས་རྒྱས་པ་ཞིག་འབུལ་རྒྱུ་བཅས་ཀྱི་ཆོས་བརྡ་རུ།

རྫོང་སར་བཤད་གྲྭ་ཆོས་ཀྱི་བློ་གྲོས་ཀྱི་ཡིག་ཚང་ནས།

སྤྱི་ལོ་ ༢༠༢༢ ཟླ་བ་ ༥ ཚེས་ ༡༡ ལ།

སྒྲུབ་ཐབས་ཀུན་བཏུས་ཀྱི་གསུང་ཆོས་གསལ་བརྡ།

མཆན་འདེབས། མཆན་བསུབ།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *