༈ སྤྱི་ལོ་ ༢༠༢༢ ལོའི་འཛིན་གྲྭ་གོང་འོག་རྟགས་གསལ་འགྲན་བསྡུར་གྱི་དམ་བཅའ་ཆེན་མོ་སྐབས་དང་པོ།

དེ་རིང་རེས་གཟའ་པ་སངས་དགོང་མོར་སྤྱི་ལོ་ ༢༠༢༢ ལོའི་འཕགས་ཡུལ་དཔལ་རྫོང་སར་བཤད་གྲྭ་ཆོས་ཀྱི་བློ་གྲོས་ཀྱི་འཛིན་གྲྭ་གོང་འོག་རྟགས་གསལ་འགྲན་བསྡུར་གྱི་དམ་བཅའ་ཆེན་མོ་སྐབས་དང་པོ་དེ་ཉིད་བཤད་གྲྭའི་ཡིག་ཚད་ཚོགས་ཆུང་གི་གོ་སྒྲིག་འོག་གཙུག་ལག་ཁང་སྐལ་བཟང་ཆོས་ཀྱི་འབྱུང་གནས་ཀྱི་མདུན་ཐང་དུ་ཚོགས།

༸སྐྱབས་རྗེ་འཁོན་གདུང་རིན་པོ་ཆེ་ཚོགས་མགོན་དུ་བཞུགས་པ།

རྟགས་གསལ་འགྲན་བསྡུར་གྱི་ཚོགས་མགོན་དུ་༸སྐྱབས་རྗེ་འཁོན་གདུང་ཤཱཀྱའི་དགེ་སློང་འཇམ་དབྱངས་ཀུན་དགའ་ཐུབ་བསྟན་འཇིགས་མེད་རིན་པོ་ཆེ་མཆོག་དབུ་བཞུགས་མཛད་པ་དང། བཤད་གྲྭའི་མཁན་པོ་དང་དགེ་རྒན། མཆོག་གི་སྤྲུལ་སྐུ་རྣམ་པ། སྐྱོར་དཔོན་རྣམ་པ། འཛིན་གྲྭ་གོང་འོག་གི་སློབ་གཉེར་བ་བཅས་གདན་འཛོམས་པའི་དབུས་སུ། སྡེ་ཚན་དང་པོར་འཛིན་གྲྭ་བཅུ་པ་རྒྱུད་བླ་འཛིན་གྲྭ་ནས་དམ་བཅའ་བཞུགས་ཏེ་རྟགས་གསལ་ཡང་འཛིན་གྲྭ་དེ་ཉིད་ཀྱིས་བཏང་བ་དང། སྡེ་ཚན་གཉིས་པར་འཛིན་གྲྭ་དགུ་པ་དབུ་མ་འཛིན་གྲྭ་གོང་མ་དམ་བཅའ་རུ་བཞུགས་ཤིང་འཛིན་གྲྭ་བརྒྱད་པ་སྡོམ་གསུམ་འཛིན་གྲྭས་རྟགས་གསལ་བཏང་། མཁན་པོ་དགེ་རྒན་རྣམ་པས་སྔར་རྒྱུན་བཞིན་རྟགས་གསལ་བ་དང་དམ་བཅའ་བའི་གཞུང་གི་གོ་བ་དང། བྱང་ཆ། རིགས་ལམ། ཀུན་སྤྱོད། རྟགས་གསལ་བའི་ཁ་གྲངས་དང་དམ་བཅའ་བ་གཉིས་ཀའི་ལན་འདེབས་བཅས་ཀྱི་ཐོག་ནས་སྐར་གྲངས་སྤྲད། རྟགས་གསལ་འགྲན་བསྡུར་སྡེ་ཚན་གཉིས་ཀ་གྲུབ་མཚམས་མཁན་པོ་ཀུན་བཟང་མཆོག་གིས་བླང་དོར་བཀའ་སློབ་བསྩལ་ཏེ་མཇུག་ལེགས་པར་གྲུབ།

སྤྱི་ལོ་ ༢༠༢༢ ལོའི་འཛིན་གྲྭ་གོང་འོག་རྟགས་གསལ་འགྲན་བསྡུར་གྱི་དམ་བཅའ་ཆེན་མོ་སྐབས་དང་པོ།

རྟགས་གསལ་འགྲན་བསྡུར་འདི་ནི་གཙུག་ལག་བཤད་གྲྭ་འདིའི་ལོ་རེའི་ཆོས་ཁྲིད་རིང་གི་རེས་གཟའ་པ་སངས་ནམ་ཡིན་གྱི་དགོང་མོའི་ཆོས་རའི་དུས་སུ་བགྲོ་གླེང་དང། རྟགས་གསལ་འགྲན་བསྡུར། འཛིན་གྲྭ་གོང་འོག་མཉམ་བསྲེས་དང་མཉམ་བསྲེས་མ་ཡིན་པའི་རྩོད་པ་སོགས་སློབ་གཉེར་གྱི་བྱེད་སྒོ་སྣ་མང་ཡོད་པའི་ཁྲོད་ཀྱི་གཅིག་ཡིན་པ་རེད།

སྤྱི་ལོ་ ༢༠༢༢ ལོའི་འཛིན་གྲྭ་གོང་འོག་རྟགས་གསལ་འགྲན་བསྡུར་གྱི་དམ་བཅའ་ཆེན་མོ་སྐབས་དང་པོ།

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *