༈ འཇམ་དབྱངས་བསྟན་པ།
འཇམ་དབྱངས་བསྟན་པ་མཆོག་ནི་དགུང་ལོ་ཆུང་ངུའི་དུས་ནས་ངོར་མ་དགོན་དུ་ངོར་ཀླུ་ལྡིང་མཁན་ཆེན་གྱི་དྲུང་དུ་རབ་ཏུ་བྱུང་སྟེ་ངོར་ལུགས་ཀྱི་འདོན་རྟ་དབྱངས་སོགས་ལ་སྦྱངས་པ་མཐར་ཕྱིན་པ་མཛད། དེ་རྗེས་འཕགས་ཡུལ་རྫོང་སར་བཤད་གྲྭར་ཞུགས་ནས་གཞུང་ཆེན་ཁག་ལ་སྦྱངས་པ་མཛད་ཅིང་དབུ་མ་དང་། བསྟན་བཅོས། སློབ་དཔོན་གྱི་ཕྱག་འཁྱེར་རྣམས་རིམ་པས་ཐོབ།
དེ་ནས་མཁན་ཆེན་གྱི་གསུང་འབུམ་གློག་ཀླད་དུ་འཇུག་པའི་ཕྱག་ལས་ལོ་གཉིས་མ་ཟིན་ཙམ་མཛད་པ་དང་བཤད་གྲྭའི་འཛིན་སྐྱོང་ནས་བལ་ཡུལ་དུ་ལོ་གཅིག་རིང་དགེ་རྒན་དུ་བསྐོས་གཏོང་མཛད། དེའི་མཚམས་བཤད་གྲྭར་སྐྱོར་དཔོན་ལོ་གཉིས་དང་དགེ་རྒན་གྱི་ཐུགས་འགན་ལོ་བཞིར་བཞེས། ཕྱི་ལོ་ ༢༠༡༦ ལོར་༸སྐྱབས་མཆོག་མཁྱེན་བརྩེ་རིན་པོ་ཆེས་དཔལ་རྒྱལ་དབང་ཀརྨ་པའི་ཕྱག་ནས་མཁན་པོའི་ཕྱག་འཁྱེར་བསྩལ། ད་ལྟ་བཤད་གྲྭ་འདི་ཉིད་དུ་འཆད་ཁྲིད་མཛད་བཞིན་པའོ། །
བསམ་ཚུལ་ཕྲིས།