༈ ཆོས་དབྱིངས་ལྷུན་གྲུབ།

ཆོས་དབྱིངས་ལྷུན་གྲུབ།

 

ཆོས་དབྱིངས་ལྷུན་གྲུབ་མཆོག་ནི་ཕྱི་ལོ་ ༡༩༦༤ ལོར་ཁམས་གོ་འཇོ་རུ་འཁྲུངས། དགུང་ལོ་བཅོ་བརྒྱད་ཐོག་ཐང་སྐྱ་དགོན་དུ་ཆོས་ཞུགས་མཛད། དགུང་ལོ་ཉེར་གཉིས་ཐོག་ངོར་༸ཀླུ་ལྡིང་མཁན་ཆེན་འཇམ་དབྱངས་བསྟན་པའི་སྐུ་མདུན་ནས་བསྙེན་པར་རྫོགས།

 

ཕྱི་ལོ་ ༡༩༨༥ ལོར་འཕགས་ཡུལ་རྫོང་སར་བཤད་གྲྭར་མཁན་ཆེན་ཀུན་དགའ་དབང་ཕྱུག་གི་ཞབས་ལ་གཏུགས་ནས་ལོ་དགུ་ལྷག་གི་རིང་གྲགས་ཆེན་བཅོ་བརྒྱད་ཆ་ལག་དང་བཅས་པར་གསན་བསམ་མཐར་ཕྱིན་པར་མཛད་དེ་དབུ་མ་དང། བསྟན་བཅོས། སློབ་དཔོན་བཅས་ཀྱི་ཕྱག་འཁྱེར་བཞེས། སྔ་ཕྱིར་མཆོད་དཔོན། དབུ་མཛད། གཉེར་པ། སྐྱོར་དཔོན་བཅས་ཀྱི་ལས་སྣེ་བསྐྱངས།

 

དེ་རྗེས་མཁན་སྤྲུལ་རྣམ་གཉིས་ནས་མཁན་པོར་ཁྲི་འདོན་གནང་བ་བཞིན་ལོ་ངོ་བཅུ་ཕྲག་གཅིག་ལྷག་ཙམ་རིང་འཆད་ཁྲིད་མཛད། ཅཱོན་ཏ་རར་བཤད་གྲྭ་གསར་པའི་དབུ་འབྱེད་མཛད་སྒོའི་སྐབས་༸གོང་ས་སྐྱབས་མགོན་ཆེན་པོའི་ཕྱག་ནས་མཁན་པོའི་ཕྱག་འཁྱེར་ཐོབ། ཕྱི་ལོ་ ༡༩༩༩ ལོར་མཁན་སྤྲུལ་རྣམ་གཉིས་ནས་རྡོར་གླིང་སོ་ན་ད་དཔལ་ལྡན་ཤངས་པའི་གདན་ས་བསམ་འགྲུབ་དར་རྒྱས་ཆོས་གླིང་དུ་མཁན་པོར་བསྐོས་བཞག་གནང་བ་བཞིན། དགོན་པ་དེར་བཤད་གྲྭ་གསར་དུ་བཙུགས་ནས་ད་བར་འཆད་ཁྲིད་མཛད་བཞིན་པ་དང། གུང་སེང་སོགས་ཀྱི་སྐབས་དང་བསྟུན་ནས་ནུབ་ཕྱོགས་རྒྱལ་ཁབ་ཁག་ཏུ་ཡོད་པའི་དགོན་པ་དེའི་ཆོས་ཚོགས་ཁག་ལ་ནང་ཆོས་ངོ་སྤྲོད་དང་གཞུང་བཤད་ཅི་རིགས་མཛད་བཞིན་པའོ། །

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *