༈ རི་ཧི་མ་ལ་ཡའི་ཕྱི་ནང་གི་དེང་རབས་ན་གཞོན་རྣམས་ལ་ནང་ཆོས་ངོ་སྤྲོད་བྱེད་ཐབས།
འདིར་༸སྐྱབས་རྗེ་མཁྱེན་བརྩེ་རིན་པོ་ཆེས་རྫོང་སར་གཞི་རིམ་སློབ་གྲྭ་ཀནིཥྐ་དང་འབྲུག་བདེ་བ་ཐང་བཤད་གྲྭའི་གཞི་རིམ་སློབ་གྲྭ་ལྷོ་མོན་ཤེས་རིག་གཙོས་པའི་འབྲེལ་ཡོད་གཞི་རིམ་སློབ་གྲྭ་ཁག་གི་དགེ་ལས་རྣམས་ལ་<<རི་ཧི་མ་ལ་ཡའི་ཕྱི་ནང་གི་དེང་རབས་གཞོན་ནུ་རྣམས་ལ་ནང་ཆོས་ངོ་སྤྲོད་བྱེད་སྐབས་ཐུགས་སྣང་>>དགོས་རིགས་ཀྱི་ཐོག་ཏུ་ནང་མའི་ཚུལ་དུ་གནང་བའི་ལམ་སྟོན་གསུང་འཕྲིན་རྣམས་གཞི་རིམ་སློབ་གྲྭའི་དགེ་ལས་ཙམ་མ་ཟད། བོད་ཕྱི་ནང་དང་འཛམ་གླིང་གང་སར་གནས་བཞུགས་ནང་ཆོས་འཆད་སྤེལ་གྱི་འཁུར་བཞེས་མཁན་ཐམས་ཅད་ལ་ཕན་ཐོགས་དང་དགོས་གལ་ཆེ་བར་མཐོང་ནས། ༸སྐྱབས་རྗེ་མཁྱེན་བརྩེ་རིན་པོ་ཆེར་དགོངས་སྐོར་བཀའ་ཁྲོལ་ཞུས་པར་རིན་པོ་ཆེས་ “ཕན་ཐོག་ཡོད་ན་བཀྲམ་ནའང་འགྲིག་གི་རེད་” ཅེས་ཞལ་བཞེས་བཟང་པོ་ཐོབ་པ་བཞིན། གསུང་འཕྲིན་རྣམས་རྫོང་སར་བཤད་གྲྭའི་གཞུང་འབྲེལ་ཡུའུ་ཁྲུབ་(YouTube)བརྒྱུད་ལམ་ཐོག་ཏུ་རིམ་པས་འགོད་འཆར་ལགས་པས་ཚང་མས་གསན་གཟིགས་དང་བརྒྱུད་སྐུར་གནང་བར་ཞུ།
ཚན་པ་དང་པོ། ནང་དོན་གནད་བསྡུས། ༼< རི་ཧི་མ་ལ་ཡའི་ཕྱི་ནང་གི་དེང་རབས་གཞོན་ནུ་རྣམས་ལ་ནང་ཆོས་ངོ་སྤྲོད་བྱེད་སྐབས་ཐུགས་སྣང་> འཆད་ཁྲིད་ལས། དེང་རབས་གཞོན་ནུ་རྣམས་ཀྱི་བསམ་བློའི་འཁྱེར་སོ་ངོས་འཛིན་བྱེད་པ།༽
ཚན་པ་གཉིས་པ། ནང་དོན་གནད་བསྡུས། ༼< རི་ཧི་མ་ལ་ཡའི་ཕྱི་ནང་གི་དེང་རབས་གཞོན་ནུ་རྣམས་ལ་ནང་ཆོས་ངོ་སྤྲོད་བྱེད་སྐབས་ཐུགས་སྣང་> འཆད་ཁྲིད་ལས། དེང་རབས་གསར་པའི་སློབ་གསོ་ཐོབ་པའི་ན་གཞོན་རྣམས་ཀྱི་བསམ་བློ་དང་སྲོལ་རྒྱུན་ལམ་སྲོལ་བར་གྱི་སྙོམ་སྒྲིག་དང་ནང་ཆོས་ངོ་སྤྲོད།༽
ཚན་པ་གསུམ་པ། ནང་དོན་གནད་བསྡུས། ༼< རི་ཧི་མ་ལ་ཡའི་ཕྱི་ནང་གི་དེང་རབས་གཞོན་ནུ་རྣམས་ལ་ནང་ཆོས་ངོ་སྤྲོད་བྱེད་སྐབས་ཐུགས་སྣང་> འཆད་ཁྲིད་ལས། ནང་ཆོས་རང་རྐང་གི་རིན་ཐང་ལྟ་བ་གཏིང་ཚུགས་པར་བྱེད་གལ་ཆེ་བ་དང། དེང་རབས་ཅན་དང་ནུབ་ཕྱོགས་ཅན་གྱི་ལྟ་བ་གཤིབ་བསྡུར་དང་ངོས་འཛིན།༽
ཚན་པ་བཞི་པ། ནང་དོན་གནད་བསྡུས། ༼< རི་ཧི་མ་ལ་ཡའི་ཕྱི་ནང་གི་དེང་རབས་གཞོན་ནུ་རྣམས་ལ་ནང་ཆོས་ངོ་སྤྲོད་བྱེད་སྐབས་ཐུགས་སྣང་> འཆད་ཁྲིད་ལས། དེང་རབས་ཅན་དང་ནང་ཆོས་སློབ་སྦྱོང་སྤྲོད་སྟངས་དེང་རབས་ཅན་ལ་བསམ་གཞིག་བྱེད་པ།༽
ཚན་པ་ལྔ་པ། ནང་དོན་གནད་བསྡུས། ༼< རི་ཧི་མ་ལ་ཡའི་ཕྱི་ནང་གི་དེང་རབས་གཞོན་ནུ་རྣམས་ལ་ནང་ཆོས་ངོ་སྤྲོད་བྱེད་སྐབས་ཐུགས་སྣང་> འཆད་ཁྲིད་ལས། དེང་རབས་ན་གཞོན་རྣམས་ལ་ནང་ཆོས་ངོ་སྤྲོད་བྱེད་པར་དེང་རབས་ཀྱི་བསམ་བློ་ལ་རྒྱུས་མངའ་བྱུང་དགོས་པ་དང་། དེང་རབས་བསམ་བློའི་མགོ་ཁུངས་གཙོ་བོ་བཟོ་ལས་གསར་བརྗེ་ (Industrial Revolution) གྲོང་ཁྱེར་གྱི་ངོ་བོར་སྒྱུར་ལས་ (Urbanization) སྟབས་བདེའི་སྐྱེལ་འདྲེན་ (Mobility-Transportation) ཡོངས་ཁྱབ་ཤེས་ཡོན་ (Mass Education) བཅས་ཀྱིས་གོ་ལ་ཁྱོན་ཡོངས་སུ་གསར་བརྗེ་བསྐྲུན་ཏེ་མི་ཡི་འཚོ་བ་དང་སློབ་སྦྱོང་བྱེད་སྟངས། བསམ་བློའི་འཁྱེར་སོ་བཅས་ལ་འགྱུར་ལྡོག་དང་ཤུགས་རྐྱེན་ཅི་བྱུང་༽
ཆོས་ཀྱི་བློ་གྲོས་རྩོམ་སྒྲིག་ཁང།
བསམ་ཚུལ་ཕྲིས།