༈ མཁྱེན་བརྩེ་ཐེབས་རྩ་དང་རྫོང་སར་བཤད་གྲྭ་ཆོས་ཀྱི་བློ་གྲོས་གཉིས་མཉམ་འབྲེལ་གྱིས་ས་གནས་རྒྱ་གར་ཡུལ་མིར་རིན་མེད་སྨན་བཅོས་ཐེངས་བརྒྱད་པ་བྱས་པ།

ས་གནས་གྲོང་དཔོན་པིའར་ཅནྡི་ཀཱོ་ལི་(Piarchand Kohli) དང། སྨན་པ། སྨན་ཞབས། ལས་བྱེད་བཅས་ཀྱི་མཉམ་སྒྲོན་འདྲ་པར།

སྤྱི་ལོ་2012ལོ་ནས་འགོ་བཙུགས་ཏེ་མཁྱེན་བརྩེ་ཐེབས་རྩ་དང་རྫོང་སར་བཤད་གྲྭ་ཆོས་ཀྱི་བློ་གྲོས་གཉིས་མཉམ་འབྲེལ་གྱིས་ལོ་རེ་བཞིན་ས་གནས་མི་མང་གི་ཆེད་དུ་རིན་མེད་སྨན་བཅོས་དང། ཁོར་ཡུག་གཙང་བཟོའི་ལས་འགུལ་སོགས་སྤེལ་ཏེ་ས་གནས་མི་མང་དང་ཁོར་ཡུག་ལ་ཞབས་ཞུ་གང་ཐུབ་སྒྲུབ་ཀྱི་ཡོད་པའི་ཁོངས་ནས། ད་ལོའི་རིན་མེད་སྨན་བཅོས་ཞབས་ཞུ་དེ་ཅཱོན་ཏ་རའི་ས་གནས་གྲོང་སྡེ་ལས་ཁུངས་ཀྱི་ཚོགས་ཁང་དུ་སྤྱི་ལོ་2019ཟླ་བ་11ཚེས་28ནས་ཟླ་བ་12ཚེས་1བར་ཉིན་གྲངས་བཞི་ཡི་རིང་ལ་ཞུས་ཡོད་ཅིང། འདི་ནི་ས་གནས་རྒྱ་གར་ཡུལ་མིར་རིན་མེད་སྨན་བཅོས་ཞབས་ཞུ་ཐེངས་བརྒྱད་པ་དེ་ཆགས་ཀྱི་ཡོད།

རིན་མེད་སྨན་བཅོས་ཀྱི་ཡུལ་དངོས།

ཐེངས་འདིའི་རིན་མེད་སྨན་བཅོས་ཞབས་ཞུར་སྦིར་འཕྲོད་བསྟེན་སྨན་ཁང་གི་སྨན་པ་བསྟན་འཛིན་ནོར་བཟང་ལགས་དང། ཅཱོན་ཏ་ར་ས་གནས་ཕྱི་ལུགས་སྨན་པ་ཨ་བྷི་ཤེག•ཤར་མ་(Dr.Abhishek Sharma)ལགས། སྦིར་འཕྲོད་བསྟེན་སྨན་ཁང་གི་སྨན་ཞབས་ཚེ་རིང་དཔལ་སྐྱིད་ལགས། རྫོང་སར་བཤད་གྲྭའི་སྨན་ཞབས་ལྷ་མོ་སྒྲོལ་མ་རྣམས་གདན་དྲངས་ཡོད་པ་དང། གོ་སྒྲིག་ལས་རོགས་སུ་བཤད་གྲྭའི་གྲྭ་པ་གསུམ་དང་མཁྱེན་བརྩེ་ཐེབས་རྩ་རྒྱ་གར་ཕྱོགས་ཀྱི་འགན་འཁུར་བ་ལྕམ་ཨུ་མ་པེ་ཏ་བཅས་ཆེད་ཕེབས་ཀྱིས་ཉིན་བཞི་ཡི་རིང་ལ་ནད་གཞི་བརྟག་དཔྱད་དང་འཕྲོད་བསྟེན་ལམ་སྟོན། དེ་བཞིན་ནད་པ་རྣམས་ལ་གསོལ་སྨན་བཅས་རིན་མེད་ངང་ཕུལ་ཡོད་པ་རེད།

རིན་མེད་སྨན་བཅོས་ཀྱི་ཡུལ་དངོས།

ཐེངས་འདིར་ས་གནས་ཡུལ་མི་ 425 ལ་ནད་གཞི་མི་འདྲ་བ་ཁྲག་ཤེད་ཀྱི་ནད་དང། གཅིན་པ་མངར་འགྱུར་གྱི་ནད། པགས་ནད། མི་འཕྲོད་པ། ཟས་བཅུད་མ་འདང་བ། ཕོ་བའི་ནད། རྒས་ཁོག་ཡན་ལག་ལྷུ་ཚིགས་ཀྱི་ནད་སོགས་ཕོག་པ་ནད་གཅོང་གི་རིགས་དང། སྐབས་ཕྲལ་གྱི་ནད་ཚ་བ་འབར་བ། ཆམ་པ་ཕོག་པ། གློ་རྒྱག་པ་སོགས་ལ་བརྟག་དཔྱད་དང་སྨན་བཅོས་བྱས། རིན་མེད་སྨན་བཅོས་འདིས་ས་གནས་ཡུལ་མི་རྣམས་ལ་ཕན་ཐོག་ཆེན་པོ་ཡོད་པ་གྲོང་སྡེ་ལས་ཁུངས་ནས་ཀྱང་ངོས་ལེན་དང་གདེང་འཇོག་གང་ལེགས་གནང་ཡོད་པ་བཅས་སོ།།

འབྲེལ་ཡོད་པར་རིས་འགའ།

རིན་མེད་སྨན་བཅོས་ཀྱི་ཡུལ་དངོས།

རིན་མེད་སྨན་བཅོས་ཀྱི་ཡུལ་དངོས།

རིན་མེད་སྨན་བཅོས་ཀྱི་ཡུལ་དངོས།

རིན་མེད་སྨན་བཅོས་ཀྱི་ཡུལ་དངོས།

རིན་མེད་སྨན་བཅོས་ཀྱི་ཡུལ་དངོས།

ཆོས་ཀྱི་བློ་གྲོས་རྩོམ་སྒྲིག་ཁང།

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *