༈ ༸སྐྱབས་རྗེ་རྫོང་སར་མཁྱེན་བརྩེ་རིན་པོ་ཆེའི་སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་པ།

༸སྐྱབས་རྗེ་རྫོང་སར་མཁྱེན་བརྩེ་རིན་པོ་ཆེ་སྐུ་ཕྲེང་གསུམ་པ་འཇམ་དབྱངས་ཐུབ་བསྟན་ཆོས་ཀྱི་རྒྱ་མཚོ་རིན་པོ་ཆེའི་སྐུ་ཡི་མཚན་དཔེ་མངོན་པར་བཞད་ནས་བགྲང་བྱ་ཧྲིལ་པོ་ང་བརྒྱད་ལོན་པའི་འཁྲུངས་སྐར་སྲུང་བརྩི་ཞུས་པ།

 

དེ་རིང་སྟེ་སྤྱི་ལོ་ ༢༠༡༩ ཟླ་བ་ ༦ ཚེས་ ༡༨ ཉིན་མོར་འཛམ་གླིང་ས་ཕྱོགས་གང་ས་ནས་རིན་པོ་ཆེའི་ཕྱི་ལུགས་ཀྱི་སྐུ་ཡི་འཁྲུངས་སྐར་སྲུང་བརྩི་ཞུ་བཞིན་པ་ལྟར། རིན་པོ་ཆེའི་གདན་ས་འཕགས་ཡུལ་རྫོང་སར་བཤད་གྲྭ་ཆོས་ཀྱི་བློ་གྲོས་སུ་ཡང་རིན་པོ་ཆེ་སྐུ་ཚེ་ཚེ་མཐའ་ཡས་པའི་ངོ་བོར་བརྟན་ཅིང་མཛད་ཕྲིན་ཕྱོགས་མེད་དུ་རྒྱས་པའི་ཆེད་དུ་དམིགས་ནས་ལོ་ལྟར་རྣམ་རྒྱལ་སྟོང་མཆོད་ཚོགས་ཏེ་འཁྲུངས་སྐར་སྲུང་བརྩི་ཞུ་ཡི་ཡོད་པ་བཞིན། ད་ལོ་ཡང་ཆོས་མཚམས་བཞག་སྟེ་དཔལ་ས་སྐྱའི་མཚན་མཆོག་གསུམ་ལྡན་གྱི་སྐུ་ཡི་གདུང་སྲས་ཨ་བི་ཀྲྀ་ཏ་བཛྲ་རིན་པོ་ཆེ་དང་གདུང་སྲས་ཨ་བྷ་ཡ་བཛྲ་རིན་པོ་ཆེ་རྣམ་གཉིས་དབུ་བཞུགས་ཀྱིས། བཤད་གྲྭའི་འདུས་མང་ཡོངས་ནས་རྣམ་རྒྱལ་སྟོང་མཆོད་ཚོགས་ཏེ་རིན་པོ་ཆེའི་སྐུ་ཡི་འཁྲུངས་སྐར་སྲུང་བརྩི་ཞུས་ཡོད་པ་དང།

 

དེ་བཞིན་རྫོང་སར་བཤད་གྲྭའི་སློབ་གྲྭ་ཀནྀཥྐའི་དགེ་སློབ་ཡོངས་ཀྱིས་སློབ་གྲྭའི་ཚོམས་ཆེན་དུ་རིན་པོ་ཆེའི་སྐུ་པར་བཤམས་ཤིང་སློབ་མ་ཆུང་ཆུང་རིན་ཆེན་གྲགས་པས་སྤྲི་གོར་བཏུབ་ནས་སློབ་མ་ཚང་མས་རིན་པོ་ཆེའི་འཁྲུངས་སྐར་ལ་སྨོན་འདུན་ཞུ་བའི་གླུ་དབྱངས་བོད་དབྱིན་རྒྱ་གསུམ་གྱི་སྐད་ཐོག་ནས་རིམ་པ་བཞིན་བླངས་པ་དང་དགེ་སློབ་ཚང་མས་མཉམ་དུ་སྤྲི་གོར་ལ་རོལ། ཕྲུ་གུའི་ལྟ་རྟོག་པ་རྒན་ངག་དབང་སྨིན་གྲོལ་གྱིས་སློབ་མ་རྣམས་ལ་རིན་པོ་ཆེའི་མཛད་རྣམ་མདོར་བསྡུས་ངོ་སྤྲོད་བྱས། དེ་མཚམས་སློབ་མ་རྣམས་ལ་རིན་པོ་ཆེའི་གློག་བརྙན་གྲགས་ཅན་རྐང་སྤོལ་(The Cup)ཞེས་པ་བསྟན་ཏེ་འཁྲུངས་སྐར་སྲུང་བརྩི་ཞུས།

 

འཁྲུངས་སྐར་གྱི་ཉིན་རིན་པོ་ཆེས་བཙུགས་པའི་བཀའ་བསྟན་དབྱིན་སྐད་དུ་ཕབ་སྒྱུར་བྱེད་མཁན་84000ཚོགས་པའི་གོ་སྒྲིག་བཞིན་བཤད་གྲྭའི་འདུས་མང་ཡོངས་ནས་‹‹འཕགས་པ་དཀོན་མཆོག་སྤྲིན་གྱི་མདོ་››དག་འདོན་ཡང་ཞུས་ཡོད་པ་བཅས་ཀྱི་གནས་བསྡུས་སུ།

 

འབྲེལ་ཡོད་པར་རིས།

༸སྐྱབས་རྗེ་རྫོང་སར་མཁྱེན་བརྩེ་རིན་པོ་ཆེའི་འཁྲུངས་སྐར་ལ་རྣམ་རྒྱལ་སྟོང་མཆོད་འཚོགས་བཞིན་པ།

༸སྐྱབས་རྗེ་རྫོང་སར་མཁྱེན་བརྩེ་རིན་པོ་ཆེའི་འཁྲུངས་སྐར་ལ་རྣམ་རྒྱལ་སྟོང་མཆོད་འཚོགས་བཞིན་པ།

༸སྐྱབས་རྗེ་རྫོང་སར་མཁྱེན་བརྩེ་རིན་པོ་ཆེའི་འཁྲུངས་སྐར་ལ་རྣམ་རྒྱལ་སྟོང་མཆོད་འཚོགས་བཞིན་པ།

གདུང་སྲས་ཨ་བི་ཀྲྀ་ཏ་བཛྲ་རིན་པོ་ཆེ་མཆོག་གིས་‹‹འཕགས་པ་དཀོན་མཆོག་སྤྲིན་གྱི་མདོ་››དག་འདོན་མཛད་བཞིན་པ།

གདུང་སྲས་ཨ་བྷ་ཡ་བཛྲ་རིན་པོ་ཆེ་མཆོག་གིས་‹‹འཕགས་པ་དཀོན་མཆོག་སྤྲིན་གྱི་མདོ་››དག་འདོན་མཛད་བཞིན་པ།

འདུས་མང་ནས་‹‹འཕགས་པ་དཀོན་མཆོག་སྤྲིན་གྱི་མདོ་››དག་འདོན་གནང་བཞིན་པ།

འདུས་མང་ནས་‹‹འཕགས་པ་དཀོན་མཆོག་སྤྲིན་གྱི་མདོ་››དག་འདོན་གནང་བཞིན་པ།

སློབ་གྲྭ་ཀནིཥྐའི་ཚོམས་ཆེན་དུ་འཁྲུངས་སྐར་བསུ་བཞིན་པ།

སློབ་གྲྭ་ཀནིཥྐའི་ཚོམས་ཆེན་དུ་འཁྲུངས་སྐར་བསུ་བཞིན་པ།

 

ཆོས་ཀྱི་བློ་གྲོས་རྩོམ་སྒྲིག་ཁང།

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *