༈ ནང་ཆོས་ངོ་སྤྲོད་ཐེངས་གསུམ་པའི་གསལ་བསྒྲགས།
༄༅། །བྷིར་དང་ཅཱོན་ཏ་ར་ས་གནས་ཀྱི་མི་མང་ཡོངས་ཀྱི་སྙན་ལམ་དུ།
ཞུ་གསོལ།
ས་གནས་ཀྱི་གནད་ཡོད་མི་སྣ་ཁག་དང་བཀའ་མོལ་བྱུང་དོན་བཞིན། རྫོང་སར་བཤད་གྲྭས་གོ་སྒྲིག་ཞུ་བཞིན་པའི་མི་མང་ལ་ནང་ཆོས་ངོ་སྤྲོད་ཐེངས་གསུམ་པ་དེ་བཞིན། བཤད་གྲྭའི་འཛིན་སྐྱོང་ལྷན་ཚོགས་ནས་ཇི་ལྟར་གསོལ་བ་བཏབ་པ་བཞིན་ཞལ་བཞེས་བཀའ་དྲིན་བསྐྱངས་ཏེ། ༸སྐྱབས་རྗེ་གདུང་སྲས་ཨ་བི་ཀྲྀ་ཏ་བཛྲ་རིན་པོ་ཆེ་མཆོག་གི་ཞལ་སྔ་ནས། སྤྱི་ལོ་ ༢༠༡༩ ཟླ་བ་ ༦ ཚེས་ ༡༧ ། བོད་ཟླ་བཞི་པ་ས་ག་ཟླ་བའི་ཚེས་ ༡༥ དུས་བཟང་ཁྱད་པར་ཅན་གྱི་ཉིན་མོར་རྫོང་སར་བཤད་གྲྭའི་གཙུག་ལག་ཁང་སྐལ་བཟང་ཆོས་ཀྱི་འབྱུང་གནས་སུ་གནང་གཏན་ཁེལ་བས། དད་ལྡན་དོན་གཉེར་ཅན་རྣམས་ཀྱིས་དེ་དོན་དགོངས་འཇག་ཡོང་བ་ཞུ།
སྟོན་པ། : མཚན་མཆོག་གསུམ་ལྡན་གྱི་སྐུ་ཡི་གདུང་སྲས་རིན་པོ་ཆེ།
འཁོར། : བྷིར་དང་ཅཱོན་ཏ་ར་ས་གནས་ཀྱི་མི་མང་དང་སློབ་ཕྲུག
ཆོས། : ནང་ཆོས་ངོ་སྤྲོད།
དུས། : ས་ག་ཟླ་བའི་ཚེས་བཅོ་ལྔ། ཞོགས་པའི་ཆུ་ཚོད་ ༩:༣༠
གནས། : འཕགས་ཡུལ་རྫོང་སར་བཤད་གྲྭ་ཆོས་ཀྱི་བློ་གྲོས་ཀྱི་གཙུག་ལག་ཁང།
རྫོང་སར་བཤད་གྲྭ་ཆོས་ཀྱི་བློ་གྲོས་ཡིག་ཚང་ནས།
སྤྱི་ལོ་ ༢༠༡༩ ཟླ་བ་ ༦ ཚེས་ ༡༠ ལ།
བསམ་ཚུལ་ཕྲིས།