༈ བཞུགས་ཤག་ཐོ་འགོད་གསལ་བསྒྲགས།

རྒྱལ་ཕྱི་ནང་ཀུན་ལ་བཞུགས་པའི་འཕགས་ཡུལ་དཔལ་རྫོང་སར་བཤད་གྲྭ་ཆོས་ཀྱི་བློ་གྲོས་ཀྱི་མདོ་སྔགས་རབ་འབྱམས་སྨྲ་བའི་མཁན་པོ་དང་དགེ་རྒན་རྣམས་ལ།

ཞུ་གསོལ།

གསལ་བསྒྲགས་སྔོན་སོང་ལྟར། སྤྱི་ལོ་ ༢༠༡༨ ཟླ་ ༡༡ ཚེས་ ༦ ནས་ ༡༥ བར་རྫོང་སར་སྨོན་ལམ་ཆེན་མོ་གནས་མཆོག་རྡོ་རྗེ་གདན་དུ་འཚོགས་གཏན་ཁེལ་བ་བཞིན། སྨོན་ལམ་ལ་ཕེབས་པའི་སྤྲུལ་སྐུ་དང་མཁན་པོ། དཔེ་ཁྲིད་དགེ་རྒན། སྐྱོར་དཔོན་བཅས་ལ་དམིགས་བསལ་བཞུགས་ཤག་གོ་སྒྲིག་ཞུ་རྒྱུ་ལགས་ན། སྤྱི་ཟླ་ ༡༠ ཚེས་ ༡༧ ལས་མ་འགྱངས་པར་གཤམ་གསལ་འབྲེལ་གཏུག་ཁ་བྱང་གང་རུང་ཐོག་ནས་ཐོ་འགོད་གནང་རོགས་ཞུ་རྒྱུ་དང། ཐོ་འགོད་གནང་སྐབས་ སོ་སོའི་མཚན། མཚན་གནས། ད་ལྟའི་བཞུགས་གནས། འབྲེལ་གཏུག་ཞལ་པར་ཨང་གྲངས་ བཅས་ངེས་གནང་ཡོང་བ་ཞུ།

 

སྨོན་ལམ་གོ་སྒྲིག་ཚོགས་ཆུང་གིས། སྤྱི་ལོ་ ༢༠༡༨ ཟླ་བ་ ༡༠ ཚེས་ ༣ ཉིན།

 

འབྲེལ་གཏུག

གློག་འཕྲིན། dzongsarinstitute@yahoo.co.in

ཁ་པར་ཨང་གྲངས། -91 7018288248 / 9816396694

སྐད་འཕྲིན་ཁ་བྱང། DzongsarMonlam

བཞུགས་ཤག་ཐོ་འགོད་གསལ་བསྒྲགས།

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *