༈ འཇམ་དབྱངས་ཆོས་འཕེལ།

འཇམ་དབྱངས་ཆོས་འཕེལ།

 

སྤྱི་ལོ་ ༡༩༧༩ ལོར་འཁྲུངས། དགུང་ལོ་བརྒྱད་ནས་བཅུ་གཅིག་བར་བོད་ཡིག་དང། ཨང་རྩིས། རྒྱ་ཡིག་བཅས་ལ་སློབ་གཉེར་གནང། སྤྱི་ལོ་ ༡༩༩༢  ལོར་རབ་ཏུ་བྱུང་ནས་འདོན་རྟ་དབྱངས་སོགས་སྦྱངས། སྤྱི་ལོ་ ༡༩༩༨ ལོར་རྫོང་སར་བཤད་གྲྭར་འཛུལ་ཞུགས་ཀྱིས་གྲགས་ཆེན་བཅོ་བརྒྱད་ཆ་ལག་དང་བཅས་པར་སློབ་གཉེར་མཛད། སྤྱི་ལོ་ ༢༠༠༢ ལོར་དབུ་མ་དང་། ༢༠༠༥ ལོར་བསྟན་བཅོས། ༢༠༠༧ ལོར་སློབ་དཔོན་འཛིན་གྲྭ་བཅས་ལེགས་པར་ཐོན་པའི་ཕྱག་འཁྱེར་བཞེས། སྤྱི་ལོ་ ༢༠༡༣ ལོར་མཁན་པོའི་མཚན་གནས་བཞེས།

འཛིན་གྲྭ་གཉིས་པའི་སྐབས་སུ་མཁན་ཆེན་དམ་པའི་བཀོད་མངགས་བཞིན་ཐའེ་ཝན་ནས་ཡིན་པའི་གྲྭ་པ་ཞིག་ལ་བོད་ཀྱི་སྐད་ཡིག་གཙོ་བོར་གྱུར་པའི་ནང་ཆོས་སྐོར་ཀྱི་དགེ་རྒན་བྱས་ཤིང་། སྤྱི་ལོ་ ༢༠༠༦ ལོར་བཤད་གྲྭའི་འཛིན་སྐྱོང་ནས་སྐྱོར་དཔོན་དུ་བསྐོ་བཞག་བྱས་ནས་ལོ་གཉིས་དང་ཕྱེད་ཀའི་རིང་སྐྱོར་དཔོན་གྱི་ཐུགས་འགན་བཞེས། སྤྱི་ལོ་ ༢༠༠༨ ལོའི་ལོ་ཕྱེད་ནས་དགེ་རྒན་དུ་ཐད་བསྐོས་བྱས་པ་ནས་བཟུང་བསྟུད་མར་ལོ་ཤས་རིང་དཔེ་འཁྲིད་དགེ་རྒན་གྱི་ཐུགས་འགན་བཞེས། སྤྱི་ལོ་ ༢༠༠༦ ལོར་བཤད་གྲྭའི་དབུ་མཛད་ཀྱི་ལས་འཁུར་དང། སྤྱི་ལོ་ ༢༠༡༣ ལོར་བཤད་གྲྭའི་དྲུང་ཆེ། སྤྱི་ལོ་ ༢༠༡༥ ལོ་ནས་བཟུང་ཡིག་ཚད་སྡེ་ཚན་དུ་རྒྱུགས་ཞིབ་པའི་ཐུགས་འགན་བཞེས།

སྤྱི་ལོ་ ༢༠༡༤ ལོར་དཔལ་ས་སྐྱའི་གདུང་སྲས་ཨ་བྷ་ཡ་བཛྲ་རིན་པོ་ཆེ་མཆོག་གི་དགེ་རྒན་དུ་ཕེབས་ཤིང། ལོ་དེར་གདུང་སྲས་རིན་པོ་ཆེའི་ལྷན་དུ་བཤད་གྲྭར་འབྱོར་ཞིང་རིན་པོ་ཆེའི་དགེ་རྒན་གྱི་ཐུགས་འགན་མུ་མཐུད་བཞེས་ཏེ་བཤད་གྲྭ་འདིར་འཆད་ཁྲིད་མཛད་བཞིན་པའོ། །

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *