༈ བསོད་ནམས་དབང་འདུས།
བསོད་ནམས་དབང་འདུས་མཆོག་ནི་ནི་ཕྱི་ལོ་ ༡༩༨༢ ཟླ་ ༡༠ ཚེས་ ༠༥ ཉིན་ཁམས་སྐྱེ་རྒུ་མདོ་རུ་འཁྲུངས། ཆུང་དུས་ནས་རྫོང་སློབ་ཆུང་གསུམ་པ་དང་རྫོང་སློབ་འབྲིང་གཉིས་པར་འཛིན་རིམ་དགུ་པ་བར་དུ་ཕྱིན་ནས་རྒྱ་བོད་ཀྱི་སྐད་ཡིག་སོགས་ལ་སྦྱངས་པ་མཛད། ཕྱི་ལོ་ ༡༩༩༩ ལོར་སྒ་སྐྱེ་རྒུ་དགོན་དུ་ཆོས་གྲྭར་ཞུགས།
ཕྱི་ལོ་ ༢༠༠༢ ལོར་སྒ་ངག་དབང་ལེགས་པའི་ཡང་སྲིད་རིན་པོ་ཆེ་མཆོག་གི་མདུན་ནས་རབ་ཏུ་བྱུང་ཞིང་ཕྱི་ལོ་ ༢༠༠༤ བར་དཔལ་འབྱུང་པོ་འདུལ་བྱེད་དང་། དཔལ་རྡོ་རྗེ་འཇིགས་བྱེད། དཔལ་ཀྱེ་རྡོ་རྗེ། ཀུན་རིག་བཅས་ཀྱི་བསྙེན་མཚམས་ཀྱི་བཅད་རྒྱར་བཞུགས། ཕྱི་ལོ་ ༢༠༠༥ ལོར༸སྐྱབས་མཆོག་ངོར་༸ཀླུ་ལྡིང་མཁན་ཆེན་འཇམ་དབྱངས་བསྟན་པའི་ཉི་མའི་དྲུང་ནས་སླར་ཡང་རབ་བྱུང་གི་སྡོམ་པ་མནོས།
ལོ་དེར་འཕགས་ཡུལ་རྫོང་སར་བཤད་གྲྭ་རུ་འཛུལ་ཞུགས་གནང་ནས་ ༢༠༡༥ བར་དུ་གཞུང་བཀའ་པོད་ལྔ་སོགས་ལ་སྦྱངས་མཛད་ནས་ཕྱི་ལོ་ ༢༠༡༥ ལོར་སློབ་དཔོན་གྱི་ཕྱག་འཁྱེར་བཞེས་ཏེ་བསླབ་པ་མཐར་སོན། ཕྱི་ལོ་ ༢༠༡༤ ལོར་བལ་ཡུལ་པདྨ་ཚལ་གྱི་བཤད་གྲྭར་བསྐོས་མངགས་གནང་བ་ཇི་བཞིན་ལོ་ངོ་གཅིག་ལ་བཤད་གྲྭའི་ཐུགས་འགན་བཞེས་ཤིང་། བཤད་གྲྭར་དཔེ་འཁྲིད་གནང་ཡུན་ལ་གཙང་སྦྲ་ཚོགས་པའི་འགན་འཛིན་པའི་ཐུགས་འགན་བཞེས། ཐེ་ཝན་སྦྱིན་བདག་སྨན་པ་རྣམས་དབྱར་གནས་སྐབས་བཤད་གྲྭར་ཕེབས་ཏེ་སྨན་བཅོས་ཞབས་ཞུ་བསྒྲུབ་རོགས་རྒྱ་སྐད་ཀྱི་སྐད་བསྒྱུར་ཀྱང་མཛད། ཕྱི་ལོ་ ༢༠༡༦ ལོ་ནས་ལོ་ཤས་རིང་སྐྱོར་དཔོན་དང་ད་ལྟའི་ཆར་བཤད་གྲྭར་དཔེ་ཁྲིད་དགེ་རྒན་གྱི་ཕྱག་ལས་མཛད་བཞིན་པའོ། །
བསམ་ཚུལ་ཕྲིས།