༈ མཁྱེན་རབ་དཔལ་ལྡན།

མཁྱེན་རབ་དཔལ་ལྡན།

 

མཁྱེན་རབ་དཔལ་ལྡན་མཆོག་ནི། ཡབ་ཨ་ཕོ་དང་ཡུམ་སྒྲོལ་བདེ་གཉིས་ཀྱི་སྲས་སུ་ཕྱི་ལོ་ ༡༩༧༨ ཟླ་བ་༣ ཚེས་༨ ཉིན་འཁྲུངས། ཕྱི་ལོ་ ༡༩༩༨ ལོར་རྫོང་སར་བཤད་གྲྭར་ཞུགས་ཏེ་གཞུང་ཆེན་ཁག་ལ་ཐོས་བསམ་ལོ་མང་གནང་། དགུང་ལོ་ཉེར་གཅིག་ཐོག་༸ངོར་ཀླུ་ལྡིང་མཁན་རིན་པོ་ཆེ་འཇམ་དབྱངས་བསྟན་པའི་ཉི་མ་མཆོག་གི་སྐུ་མདུན་ནས་དགེ་སློང་གི་སྡོམ་པ་ཞུས།

ཕྱི་ལོ་ ༢༠༠༦སློབ་དཔོན་ཕྱག་ཁྱེར་བཞེས། ལོ་གཅིག་རིང་ཚད་མ་རིགས་གཏེར་སྐྱོར་ཁྲིད་མཛད། ཕྱི་ལོ་ ༢༠༠༧ ལོར་དགེ་རྒན་མཛད་ནས་ལོ་གཅིག་རིང་ཚད་མ་རིགས་གཏེར་འཆད་ཁྲིད་མཛད། ཕྱི་ལོ་ ༢༠༠༨ ལོར་ཅཱོན་ཏ་ར་རྫོང་སར་བཤད་གྲྭ་ལེགས་གྲུབ་བྱུང་བའི་མཛད་སྒོ་དང་བསྟུན་ནས་དཔལ་ས་སྐྱ་༸གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་གིས་ལམ་འབྲས་སྩལ་བའི་སྐབས་མཁན་པོའི་ཕྱག་ཁྱེར་གནང་། བཤད་གྲྭར་ཞུགས་པ་ནས་བཤད་གྲྭའི་འཛིན་སྐྱོང་སྤྱི་མོས་ཐོག་ཐེ་ཝན་དུ་མ་ཕེབས་བར་གཞུང་ཆེན་ཁག་གིས་གཙོས་ཐུན་མོང་རིག་གནས་ཁག་ལ་ཧུར་བརྩོན་དང་། གཞུང་ཆེན་ཁག་འཆད་ཁྲིད་ལོ་མང་གནང་བ་མ་ཟད། ཞོར་དུ་བཤད་གྲྭའི་ལས་སྣེ་མང་པོར་ཞབས་ཞུ་ཧུར་ཐག་མཛད་ནས་ད་ཆར་ཐེ་ཝན་མཚོ་གླིང་དུ་རྫོང་སར་ཆོས་ཚོགས་ཀུན་དགའ་དབང་ཕྱུག་ནང་དུ་བཤད་གྲྭའི་འཛིན་སྐྱོང་གིས་མངགས་པ་གཞིར་བྱས་ཆོས་ཚོགས་ཀྱི་མཁན་པོའི་ཕྱག་ལས་གནང་བཞིན་ཡོད།

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *