༈ ངག་དབང་ཆོས་འཕེལ།

ངག་དབང་ཆོས་འཕེལ།

ངག་དབང་ཆོས་འཕེལ་མཆོག་ནི་བོད་ཁམས་སྒོམ་སྡེ་ནང་ཆེན་རྫོང་སྡོམ་པ་ཞང་རེ་བླ་རུ་ཁག་དང་པོ་ཡར་ཐང་གྲོང་དུ་སྤྱི་ལོ་༡༩༨༨ ཟླ་བ་ ༥ ཚེས་ ༡༥ ལ་འཁྲུངས། དགུང་ལོ་བཅུ་གསུམ་ཐོག་རེ་བླ་དགོན་དུ་རབ་ཏུ་བྱུང་སྟེ་ལོ་ངོ་ལྔ་ཙམ་གྱི་རིང་ཡི་གེ་འབྲི་ཀློག་དང་ཆོ་ག་ཕྱག་ལེན་ལ་ཐུགས་སྦྱོང་མཛད།

 

དགུང་ལོ་བཅོ་བརྒྱད་ནས་སྐུ་ཚེ་གསེར་ལྗོང་དགོན་དུ་ལོ་གཉིས་དང་ཕྱེད་ལ་དབུ་མ་དང་ཚད་མར་ཐོས་བསམ་མཛད། དགུང་ལོ་ཉི་ཤུ་ཐོག་ལམ་འབྲས་བླ་དབྱངས་སེང་གེ་མདུན་ནས་བསྙེན་རྫོགས་ཀྱི་སྡོམ་པ་ཞུས། དེ་ནས་དགུང་ལོ་ཉེར་གཅིག་ནས་ས་སྐྱ་མཐོ་སློབ་ཏུ་ལོ་གཅིག་དང་ཕྱེད་ཀྱི་རིང་བཞུགས། དེའི་རྗེས་དཔལ་རྫོང་སར་བཤད་གྲྭར་ཞུགས་ཏེ་སུམ་རྟགས་དག་གསུམ་ནས་གཞུང་ཆེན་བཀའ་པོད་ལྔ་ལ་གསན་སྦྱོང་ཚུལ་བཞིན་མཛད།

 

ཕྱི་ལོ་ ༢༠༡༤ ལོར་བཤད་གྲྭ་ནས་བཀའ་མངགས་གནང་བ་ལྟར་པད་མ་ཚལ་གཙུག་ལག་སློབ་གཉེར་ཁང་དུ་དཔེ་ཁྲིད་དགེ་རྒན་གྱི་མཚན་གནས་འོག་ལོ་གཅིག་གི་རིང་ཐུགས་འགན་བཞེས། ཕྱི་ལོ་ ༢༠༡༦ ལོར་སྐྱོར་དཔོན་མཚན་གནས་ཐོབ་པ་དང་ད་ལྟའི་ཆར་དགེ་རྒན་གྱི་ཕྱག་ལས་མཛད་བཞིན་པའོ། །

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *