༈ བཀྲ་ཤིས་རྡོ་རྗེ།
བཀྲ་ཤིས་རྡོ་རྗེ་མཆོག་ནི་དགུང་ལོ་བདུན་ལ་རབ་ཏུ་བྱུང་སྟེ་ཆོས་སྒོར་ཞུགས། དེ་ནས་ལོ་བརྒྱད་ཙམ་རིང་དགོན་པའི་འདོན་ཕྱག་ལེན་ལ་སྦྱང་བརྩོན་མཛད། ཕྱི་ལོ་ ༡༩༩༧ ལོར་འཕགས་ཡུལ་རྫོང་སར་བཤད་གྲྭར་ཞུགས་ཏེ་གཞུང་ཆེན་ཁག་ལ་མཁན་རིན་པོ་ཆེ་ཀུན་དགའ་དབང་ཕྱུག་གི་དབུས་པའི་དགེ་བའི་བཤེས་གཉེན་དུ་མའི་སྐུ་མདུན་ནས་ལོ་བཅུ་ཕྲག་རིང་སློབ་གཉེར་བྱས།
ཕྱི་ལོ་ ༢༠༠༤ ལོར་བཤད་གྲྭ་ནས་སྐྱོར་དཔོན་གྱི་མཚན་གནས་ཕུལ། ལོ་ཕྱེད་དང་གསུམ་ལ་སྐྱོར་ཁྲིད་ཀྱི་འགན་འཁུར་བཞེས། ཕྱི་ལོ་ ༢༠༠༨ ལོར་དཔལ་ས་སྐྱའི༸སྐྱབས་མགོན་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོའི་སྐུན་མདུན་ནས་མཁན་པོའི་མཚན་གནས་ཐོབ།
དེ་ནས་༢༠༡༤བར་དཔེ་ཁྲིད་ཀྱི་འགན་ཁུར། ལོ་དེ་དག་གི་རིང་དགུན་ཁའི་བར་གསེང་དང་བསྟུན་ཏེ་༸གོང་ས་ཡིད་བཞིན་ནོར་བུ་མཆོག་དང་། དཔལ་ས་སྐྱའི་༸སྐྱབས་མགོན་གོང་མ་རྣམ་གཉིས། ༸ཀླུ་ལྡིང་མཁན་ཆེན་རིན་པོ་ཆེ། ༸མཁྱེན་བརྩེ་རིན་པོ་ཆེ། ༸མཁན་ཆེན་ཨ་པད་རིན་པོ་ཆེ་དབུས་པའི་བླ་ཆེན་རྣམ་པའི་སྐུ་མདུན་ནས་གསང་བ་སྔགས་ཀྱི་དབང་ལུང་ཁྲིད་སོགས་གང་མང་ཐོབ་སྟེ་ ༢༠༡༦ ལོར་བསྙེན་མཚམས་ལ་བཞུགས། དེ་ནས་ཕྱི་ལོ་ ༢༠༡༨ ལོར་འཛིན་སྐྱོང་ནས་དགོངས་ཞུས་ཐོབ་པ་བཞིན་ཐེ་ཝན་མཚོ་གླིང་དུ་བཞུགས་བཞིན་པའོ། །
བསམ་ཚུལ་ཕྲིས།