༈ སྨོན་ལམ་ཕར་འགྱང་གི་གསལ་བརྡ།
རིས་མེད་བསྟན་པའི་མངའ་བདག་༸སྐྱབས་རྗེ་མཁྱེན་བརྩེ་རིན་པོ་ཆེ་མཆོག་ལ་དགོངས་སྐོར་དང་བཤད་གྲྭའི་འཛིན་སྐྱོང་ལྷན་ཚོགས་ཀྱིས་གྲོས་མོལ་ཐག་གཅོད་མཛད་དོན་ལྟར། འདི་ལོར་ཏོག་དབྱིབས་ནད་ཡམས་ཀྱིས་རྐྱེན་པས་འདི་ལོའི་སྤྱི་ཟླ་བཅུ་པའི་ནང་འཚོག་འཆར་ཡོད་པའི་རྡོར་གདན་རྫོང་སར་སྨོན་ལམ་ཆེན་མོ་དེ་བཞིན་སྤྱི་ལོ་ ༢༠༢༠ ལོ་འདིའི་ནང་འཚོག་རྒྱུ་མིན་པ་གཏན་འཁེལ་བྱུང་སོང་ལ། ཡུལ་དུས་ཀྱི་གནས་སྟངས་ལ་གཞིགས་ཏེ་སླར་ཡང་བསྟན་འགྲོའི་གསོས་སུ་གྱུར་པའི་རྫོང་སར་སྨོན་ལམ་དེ་ཉིད་གང་མགྱོགས་འཚོག་ཐུབ་པའི་རེ་སྨོན་དང་། སླར་དུས་ཚོད་ནམ་ཞིག་ལ་འཚོག་གཏན་འཁེལ་བའི་ཟླ་ཚེས་ཁ་གསལ་འཁོད་པའི་གསལ་བསྒྲགས་ཤིག་ཀྱང་སྨོན་ལམ་མ་འཚོག་གོང་གི་ཟླ་ཤས་སྔོན་ནས་སྤེལ་རྒྱུ་ཡིན་པས་དེ་ལུགས་འབྲེལ་ཡོད་ཚོས་དགོངས་ཆུབ་ཡོད་པ་ཞུ།
རྫོང་སར་བཤད་གྲྭ་ཆོས་ཀྱི་བློ་གྲོས་ཀྱི་ཡིག་ཚང་ནས།
༢༠༢༠ ལོའི་ཟླ་ ༨ ཚེས་ ༢ ཉིན།
བསམ་ཚུལ་ཕྲིས།