གསལ་བསྒྲགས།

༄༅། །བསྟན་པའི་བདག་པོ་༧སྐྱབས་རྗེ་རྫོང་སར་མཁྱེན་བརྩེ་རིན་པོ་ཆེའི་བཀའ་དགོངས་བཞིན། འཕགས་ཡུལ་རྫོང་སར་བཤད་གྲྭའི་འདུས་མང་ནས། ད་སྐབས་རྒྱ་ནག་འུ་ཧན་གཙོས་པའི་རྒྱ་ནག་གི་ས་ཁུལ་མང་པོ་དང་། དེ་བཞིན་འཛམ་གླིང་རྒྱལ་ཁབ་དུ་མའི་ནང་ཏོག་དབྱིབས་གསར་པའི་ནད་ཡམས་ཀྱིས་འགྲོ་བ་མིའི་ལུས་དང་སེམས་ལ་སྡུག་བསྔལ་ཆེན་པོ་བཟོ་བཞིན་པར། ཏོག་དབྱིབས་ནད་ཡམས་མྱུར་དུ་ཞི་ནས་མི་རྣམས་སྡུག་བསྔལ་ལས་གྲོལ་བའི་ཆེད་དུ་དམིགས་ནས་སྤྱི་ལོ་2020ཟླ་བ་2ཚེས་7ནས་བཟུང་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་དག་སྒྲོག་ཞུ་རྒྱུ་དང་། ནད་ཀྱིས་མནར་བའི་སྐྱེ་བོ་ཐམས་ཅད་མྱུར་དུ་དྲག་སྐྱེད་ཡོང་བའི་ཐུགས་སྨོན་སྐྱབས་འཇུག་རྒྱུན་མར་བྱེད་རྒྱུ། དེ་བཞིན་ཕྱོགས་བཞུགས་དགེ་འདུན་པ་དག་གིས་ཀྱང་ཐུགས་སྨོན་གང་དྲག་གནང་རྒྱུའི་འབོད་སྐུལ་ཞུ་རྒྱུ་བཅས། 

རྫོང་སར་བཤད་གྲྭ་ཆོས་ཀྱི་བློ་གྲོས་ཡིག་ཚང་ནས།སྤྱི་ལོ་ 2020 ཟླ་བ་ 2 ཚེས་ 5 ཉིན། 

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *