༈ འཇམ་དཔལ་རྡོ་རྗེ།

 

འཇམ་དཔལ་རྡོ་རྗེ།

མ་ལྷོ་བྲག་པ་ཆོས་འཛོམས་དང་ཕ་ཆོས་དབྱིངས་རིན་པོ་ཆེའི་སྲས་ཆེ་བ་རིག་འཛིན་རྒྱ་མཚོ་གཉིས་ཀྱི་བུར་འབྲུག་ཏུ་འཁྲུངས། དགུང་ལོ་བརྒྱད་ནས་༸སྐྱབས་རྗེ་ནམ་མཁའི་སྙིང་པོ་རིན་པོ་ཆེའི་གྲྭ་ཚང་འབྲུག་བུམ་ཐང་མཁར་ཆུ་དགོན་དུ་ཆོས་སྒོར་ཞུགས། དེ་རྗེས་1985ལོར་ནམ་སྙིང་རིན་པོ་ཆེ་དང་ལྷན་དུ་རྒྱ་གར་བྷིར་རྫོང་སར་བཤད་གྲྭར་བསྐྱོད། དེར་མཁན་ཆེན་དམ་པ་ཀུན་དགའ་དབང་ཕྱུག་གི་སྐུ་མདུན་དུ་ལོ་བཅུ་ཕྲག་གཅིག་ལྷག་རིང་ནང་པའི་རིགས་གཞུང་སྐོར་ཐོས་བསམ་བྱས་པས་མཁན་ཆེན་ཀུན་དགའ་དབང་ཕྱུག་རིན་པོ་ཆེ་མཆོག་དང་༸སྐྱབས་རྗེ་རྫོང་སར་མཁྱེན་བརྩེ་རིན་པོ་ཆེ་རྣམ་གཉིས་ཀྱིས་མཁན་པོར་མཚན་བཏགས་ཀྱིས་བཤད་གྲྭ་དེ་ག་རང་དུ་ལོ་ཤས་རིང་སློབ་ཁྲིད་མཛད།

དེ་རྗེས་༸སྐྱབས་རྗེ་ནམ་སྙིང་རིན་པོ་ཆེ་མཆོག་ནས་འབྲུག་བུམ་ཐང་མཁར་ཆུ་དགོན་དུ་བཤད་གྲྭ་བཙུགས་པ་དེར་མཁན་པོའི་ལས་འགན་ཁུར་ཏེ་ལོ་དྲུག་ལྷག་ཙམ་རིང་དཔེ་ཁྲིད་གནང། ཕྱི་ལོ་༢༠༠༤ལོ་ནས་འབྲུག་བོད་སྒར་ནང་སྡོད་བོད་མི་ཡོངས་ནས་མགྲིན་ཅིག་ཏུ་གུ་རུ་ལྷ་ཁང་ཕུལ་བ་བཞིན་ཁོང་གིས་ཀྱང་བསྟན་འགྲོའི་དོན་ལ་དུ་ད་ལྟ་ཡང་གཙུག་ལག་ཁང་འདིར་ཉམས་གསོ་དགོས་པ་མང་དག་ཞིག་ཡོད་པའི་རྣམ་དཀར་གྱི་བྱེད་སྒོའི་འགོ་འདྲེན་པ་ཞུས་ཏེ། བྱ་བ་ལས་ཀྱི་འཁོར་ལོས་དུས་འདའ་བཞིན་པ་དང་འབྲེལ་སྔ་དགོང་གི་བསང་དང་། གསེར་སྐྱེམས། ཚེས་བཅུ་དང་གནམ་གང་ཉིན་མི་མང་འདུ་འཛོམས་ཀྱིས་མ་ཎི་དང་བཛྲ་གུ་རུ་སོགས་གང་མོས་གསོག་སྲོལ་ཡོད། ཆོ་འཕྲུལ་ཟླ་བར་བཀའ་འགྱུར་དག་འདོན་དང་། གཞན་ཡང་མྱུང་གནས་དང་ཞིང་སྒྲུབ་འཛུགས་བཞིན་ཡོད་པ་མ་ཟད། རྒྱུན་དུ་ཁྱིམ་ཚང་བཅུ་དྲུག་ནས་ལྷག་བསམ་རྣམ་དག་གིས་ཡར་ངོའི་ཚེས་བཅུར་བསྟན་པའི་སྦྱིན་གནང་བཞིིན་ཡོད་པ་བཅས་སོ། །

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *