༈ བསམ་འགྲུབ།
སྤྱི་ལོ་ ༡༩༧༥ ལོར་འཁྲུངས། སྤྱི་ལོ་ ༡༩༩༤ ལོར་འཕགས་ཡུལ་རྫོང་སར་བཤད་གྲྭར་སློབ་ཞུགས་བྱས་ཏེ་སྤྱི་ལོ་ ༢༠༠༣ བར་གཞུང་ཆེན་བཅུ་གསུམ་སྔགས་དང་བཅས་པར་ཐོས་བསམ་མཐར་ཕྱིན་པར་གནང་།
སྤྱི་ལོ་ ༡༩༩༩ ནས་སྤྱི་ལོ་ ༢༠༠༡ བར་འཕགས་ཡུལ་རྫོང་སར་བཤད་གྲྭའི་རིག་གནས་རྒན་མཛད། སྤྱི་ལོ་ ༢༠༠༢ ནས་ཕྱི་ལོ་ ༢༠༠༣ བར་སྐྱོར་དཔོན་དང་སྤྱི་ལོ་ ༢༠༠༤ ནས་འདི་ལོ་སྟེ་སྤྱི་ལོ་ ༢༠༡༧ བར་དཔེ་ཁྲིད་གནང་དང་གནང་མུས་ལ་སྤྱི་ལོ་ ༢༠༠༨ ལོར་༸སྐྱབས་མགོན་༸གོང་མ་ཁྲི་ཆེན་རིན་པོ་ཆེའི་མདུན་ནས་མཁན་པོའི་ཕྱག་འཁྱེར་ཐོབ་ཅིང་། སྤྱི་ལོ་ ༢༠༡༦ ནས་༸སྐྱབས་རྗེ་རྫོང་སར་མཁྱེན་བརྩེ་རིན་པོ་ཆེས་འཕགས་ཡུལ་རྫོང་སར་བཤད་གྲྭའི་ལས་ཐོག་མཁན་པོ་རུ་བསྐོས་ཏེ་ཕྱི་ལོ་ ༢༠༢༠ བར་དུ་ལས་ཐོག་མཁན་པོའི་ཐུགས་འགན་བཞེས། ད་ལྟ་༸སྐྱབས་རྗེ་འཁོན་གདུང་ཤཱཀྱའི་དགེ་སློང་འཇམ་དབྱངས་ཀུན་དགའ་ཐུབ་བསྟན་འཇིགས་མེད་རིན་པོ་ཆེའི་ཡོངས་འཛིན་གནང་བཞིན་ཤེར་ཕྱིན་མངོན་རྟོགས་རྒྱན་གྱི་དཔེ་འཁྲིད་གནང་བཞིན་པའོ། །
བསམ་ཚུལ་ཕྲིས།