༈ དཀོན་མཆོག་བཀྲ་ཤིས།

དཀོན་མཆོག་བཀྲ་ཤིས།

 

སྤྱི་ལོ་ ༡༩༦༣ ལོར་ལ་དྭགས་སུ་འཁྲུངས། དགུང་ལོ་དགུ་ལ་ལ་དྭགས་ནང་གི་འབྲི་གུང་བཀའ་བརྒྱུད་ཀྱི་གདན་ས་གསུམ་གྱི་ཡ་གྱལ་གཡུང་དྲུང་ཐར་པ་གླིང་དགོན་དུ་ཆོས་ཞུགས་མཛད་དེ་འདོན་ཆ་ག་ཕྱག་ལེན་སོགས་ལ་སྦྱངས་པ་གནང། དེ་ནས་དགེ་བའི་བཤེས་གཉེན་ཆེན་མོ་མཁན་ཆེན་དཀོན་མཆོག་བསྟན་འཛིན་དང། མཁན་ཆེན་ཐུབ་བསྟན། མཁན་རིན་པོ་ཆེ་ཀུན་དགའ་དབང་ཕྱུག མཁན་པོ་ཕུན་ཚོགས་རབ་བརྟན། མཁན་པོ་རྟོགས་གྲོལ་སོགས་ལས་ནང་བསྟན་མཚན་ཉིད་རིག་པའི་གཞུང་ཆེན་ཁང་ལ་སློབ་གཉེར་ལེགས་པར་མཛད་དེ་མཁན་པོའི་ཕྱག་འཁྱེར་བཞེས།

སྤྱི་ལོ་ ༡༩༩༠ ལོར་འབྲི་གུང་༸སྐྱབས་མགོན་ཆེ་ཚང་རིན་པོ་ཆེས་དཱི་རཱ་དུན་འབྲི་གུང་གདན་སའི་མཁན་པོར་བསྐོ་བཞག་མཛད་པ་བཞིན་གདན་ས་དེར་ལོ་ངོ་བཅུ་ཕྲག་རིང་ལ་འཆད་ཁྲིད་མཛད། སྤྱི་ལོ་ ༢༠༠༡ ལོར་མཁན་པོའི་ལས་གནས་ནས་དགོངས་ཞུས་མཛད་དེ་སྐྱབས་རྗེ་གྲུབ་དབང་དཀོན་མཆོག་ནོར་བུའི་བཀའ་དགོངས་བཞིན་བལ་ཡུལ་ཏ་ཏོ་པ་ནིར་ལོ་གསུམ་ཕྱོགས་གསུམ་གྱི་མཚམས་ལ་བཞུགས། དེ་རྗེས་ལབ་ཕྱིར་ལོ་གསུམ་ཕྱོགས་གསུམ་གྱི་མཚམས་ལ་ཐེངས་མ་གཉིས་པ་བཞུགས་པ་དང། དེ་བཞིན་སྔ་ཕྱིར་གློ་མུ་སི་ཐང་དང། ལ་དྭགས་བླ་མ་ཡུ་རུ། དཱི་ར་དུན་ཨལ་མོ་ར་བཅས་སུ་མི་ལོ་བཅུ་གཉིས་ལྷག་ལ་སྐུ་མཚམས་ལ་བཞུགས། འབྲི་གུང་༸སྐྱབས་མགོན་ཆེ་ཚང་རིན་པོ་ཆེ་དང། གྲུབ་དབང་དཀོན་མཆོག་བཀྲ་ཤིས། སྐྱབས་རྗེ་མགར་རིན་པོ་ཆེ་རྣམ་པའི་བཀའ་དགོངས་བཞིན་རྒྱལ་ཁབ་ཕྱི་ནང་དུ་མར་ཕེབས་ཏེ་སློབ་ཚོགས་བསྐྱངས་ཤིང། སྤྱི་ལོ་ ༢༠༡༧ ལོར་ཧྥ་རན་སིར་མི་ལ་རས་པ་ཆོས་ཚོགས་བཙུགས་ཏེ་དེ་གར་བསྟན་འགྲོའི་དོན་མཛད་བཞིན་པའོ། །

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *