ཤེས་བྱ་ཀུན་ཁྱབ་ལྗགས་ལུང་གི་ཆོས་བརྡ་གསལ་བསྒྲགས།

༄༅། །དད་འདུན་གཡོ་བ་མེད་པའི་རྒྱལ་ཕྱི་ནང་ཀུན་ལ་བཞུགས་པའི་དད་ལྡན་སེར་སྐྱ་ཡོངས་ཀྱི་སྙན་ལམ་དུ།

ཞུ་གསོལ།

སྤྱི་ལོ་ ༢༠༡༧ ཟླ་ ༠༣ ཚེས་ ༢༤ ནས་ཟླ་ ༠༤ ཚེས་ ༡༤ བར་འཕགས་ཡུལ་རྫོང་སར་བཤད་གྲྭ་ཆོས་ཀྱི་བློ་གྲོས་སུ་ཟབ་ཏིག་སྒྲོལ་ཆོག་འབུམ་གསོག་དང་འབྲེལ། ༸སྐྱབས་རྗེ་རྫོང་སར་མཁྱེན་བརྩེ་རིན་པོ་ཆེས་ཤེས་བྱ་ཀུན་ཁྱབ་ཀྱི་ལྗགས་ལུང་གནང་གཏན་འཁེལ་བས། དད་ལྡན་ཆོས་ཞུ་བ་ཡོངས་ཀྱིས་དེ་ལུགས་དགོངས་འཇགས་ཡོང་བ་ཞུ་རྒྱུ་དང། ཆོས་ཞུར་ཕེབས་འཆར་ཡོད་པའི་དགེ་འདུན་རྣམ་པས། སྤྱི་ལོ་༢༠༡༧ཟླ་༠༣ཚེས་༢༠གོང་དུ་གཤམ་གྱི་ཁ་བྱང་ཐོག་གོ་སྒྲིག་སྟབས་བདེ་ཡོང་ཆེད་འབྲེལ་བ་གནང་རོགས་ཞུ་རྒྱུ་བཅས།

རྫོང་སར་བཤད་གྲྭ་ཆོས་ཀྱི་བློ་གྲོས་ཡིག་ཚང་ནས།

སྤྱི་ལོ་༢༠༡༧ཟླ་༠༢ཚེས་༢༧ལ།

འབྲེལ་གཏུག་བྱ་ཡུལ།
ལག་ཐོག་ཁ་པར་ཨང། ༩༨༥༧༧༩༩༨༨༨ ཡང་ན། ༩༨༨༢༢༩༢༢༣༡
གློག་འཕྲིན་ཡིག་ཟམ། dzongsarinstitute@yahoo.co.in

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *