མཁྱེན་བརྩེ་སྐུ་ཕྲེང་གསུམ་པ།

 

༈ རིས་མེད་བསྟན་པའི་བདག་པོ་རྫོང་སར་འཇམ་དབྱངས་མཁྱེན་བརྩེ་ཐུབ་བསྟན་ཆོས་ཀྱི་རྒྱ་མཚོ།

༸སྐྱབས་རྗེ་མཁྱེན་བརྩེ་རིན་པོ་ཆེ།

 

རྫོང་སར་འཇམ་དབྱངས་མཁྱེན་བརྩེ་རིན་པོ་ཆེ་ནི། སྤྱི་ལོ་༡༩༦༡ལོར་འབྲུག་ཀུར་སྟོད་དུ་ཡབ་གདུང་སྲས་ཕྲིན་ལས་ནོར་བུ་དང་ཡུམ་འཇམ་དབྱངས་ཆོས་སྒྲོན་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། ༸སྐྱབས་མགོན་ས་སྐྱ་༸གོང་མ་རིན་པོ་ཆེས་རྫོང་སར་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ཀྱི་ཡང་སྲིད་དུ་ངོས་འཛིན་མཛད། སྐྱབས་རྗེ་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་དང་ས་སྐྱ་གོང་མ་རིན་པོ་ཆེ། རྒྱལ་བ་ཀརྨ་པ་རང་བྱུང་རིག་པའི་རྡོ་རྗེ། མཁན་ཆེན་ཨ་པད་རིན་པོ་ཆེ་སོགས་བོད་ཀྱི་ཆོས་བརྒྱུད་བཞིའི་མཁས་གྲུབ་དུ་མ་བཤེས་གཉེན་དུ་བསྟེན་ཏེ་མདོ་སྔགས་གཞུང་ལ་སྦྱངས་པ་མཛད། དབྱིན་ཇིའི་རྒྱལ་ས་ལོན་ཌོན་གྱི་ཤར་ཕྱོགས་དང་ཨ་ཧྥི་རི་ཁ་རིག་པའི་སློབ་གླིང་དུ་དེང་རབས་ཀྱི་སློབ་གཉེར་གནང།

སྐྱབས་རྗེ་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་དང་ལྷན་བཞུགས།

རྒྱ་བོད་ཀྱི་རྫོང་སར་བཤད་གྲྭ་གཉིས་དང་འབྲུག་བདེ་བ་ཐང་བཤད་གྲྭ་བཙུགས། དེ་བཞིན་རྒྱལ་བུ་དོན་གྲུབ་ཀྱི་དགོངས་པ། རི་དྭགས་ཚལ་སློབ་གཉེར་ཁང། པདྨ་རོགས་རམ་ཚོགས་པ། མཁྱེན་བརྩེ་ཐེབས་རྩ། བཀའ་བསྟན་དབྱིན་ཡིག་ཏུ་སྒྱུར་བའི་བརྒྱད་ཁྲི་བཞི་སྟོང་གི་ཚོགས་པ་བཅས་སྔ་ཕྱིར་བཙུགས། ཁོང་གི་བརྩམས་ཆོས་གློག་བརྙན་<<བུམ་པ>><<ཆང་ཧུབ་ཐེངས་གཅིག་གི་འཁྲུལ་སྣང>><<ཝ་ར། བྱིན་རླབས་ཤིག>>དང། དཔེ་དེབ་<<ལམ་དང་ལྟ་བ་རྣམ་དག>><<བདེ་སྐྱིད་ཀྱི་ཆེད་དུ་མིན>><<ཁྱོད་ཅི་ཞིག་གིས་ནང་པ་མ་ཆགས་པ་རེད>><<རྒྱ་གར་གྱི་ནང་པའི་གནས་རྣམས་ལ་གང་བྱེད>><<དབུ་མ་འཇུག་པའི་འགྲེལ་པ>><<རྒྱུད་བླ་མའི་འགྲེལ་པ>><<ཞེན་པ་བཞི་བྲལ་གྱི་ཁྲིད>>སོགས་ཡོད་དོ།།

 

དཔལ་ས་སྐྱའི་༸སྐྱབས་མགོནགོང་མ་ཁྲི་ཆེན་རིན་པོ་ཆེ་དང་ལྷན་བཞུགས།