ལག་འཁྱེར།

 

 

༄༅། །སློབ་ཐོན་ལག་འཁྱེར།

 

བཤད་གྲྭ་འདིར་སློབ་གཉེར་དུ་ཕེབས་མཁན་རྣམས་ལ་ལག་འཁྱེར་གང་དང་གང་ཞིག་རག་མིན་ནི། སྔོན་འགྲོ་ནས་སློབ་གཉེར་མཐར་ཆགས་སུ་བྱེད་མཁན་ཞིག་ལ་མཚོན་ན། སྔོན་འགྲོ་འཛིན་གྲྭ་དང་སྤྱོད་འཇུག་འཛིན་གྲྭ། དབུ་མ་འཛིན་གྲྭ། ཚད་མ་གོང་འོག་གཉིས། མཛོད་འཛིན་གྲྭ་བཅས་ལ་རྒྱུགས་སྤྲོད་ཀྱི་ལམ་ནས་ལེགས་པར་ཐོན་ན་དབུ་མའི་ཕྱག་འཁྱེར་དང། དེའི་སྟེང་དུ་ཤེར་ཕྱིན་འཛིན་གྲྭ། འདུལ་བ་འཛིན་གྲྭ། སྡོམ་གསུམ་འཛིན་གྲྭ་བཅས་ལ་རྒྱུགས་སྤྲོད་ཀྱི་ལམ་ནས་ལེགས་པར་ཐོན་ན་བསྟན་བཅོས་ཀྱི་ཕྱག་འཁྱེར་དང། དེའི་སྟེང་དུ་སློབ་དཔོན་ལོ་རིམ་འོག་མ་དང་གོང་མ་གཉིས་ལ་རྒྱུགས་སྤྲོད་ཀྱི་ལམ་ནས་ལེགས་པར་ཐོན་ན་སློབ་དཔོན་གྱི་ཕྱག་འཁྱེར་བཅས་ལོ་ལྟར་ཆོ་འཕྲུལ་ཟླ་བའིཚེས་ ༢༡ ཉིན་འབུལ་རྒྱུ་དང། མཁན་པོའི་ཕྱག་འཁྱེར་སུ་ལ་འབུལ་མིན་ནི་༸སྐྱབས་རྗེ་མཁྱེན་བརྩེ་རིན་པོ་ཆེས་ཐུགས་ཐག་བཅད་པ་བཞིན་འབུལ་ལམ་ཞུ་རྒྱུ་ཡིན། བཤད་གྲྭ་གཞན་ནས་སློབ་གཉེར་གང་འཚམ་གནང་མྱོང་མཁན་བཤད་གྲྭ་འདིར་སློབ་གཉེར་དུ་ཕེབས་མཁན་རྣམས་ལ་ཕྱག་འཁྱེར་འབུལ་ལམ་ཞུ་སྟངས་ནི་བཤད་གྲྭ་འདིར་སློབ་མ་གསར་དུ་ཞུགས་སྟངས་ཀྱི་རིམ་པ་ལས་འཛིན་གྲྭ་གོང་འོག་ཏུ་ཞུགས་སྟངས་ཀྱི་རིམ་པ་གཞིར་བཟུང་ནས་འབུལ་རྒྱུ་ཡིན་ནོ། །