རྒྱུགས་སྤྲོད་ཚན་པ།
༄༅། །རྒྱུགས་སྤྲོད་ཚན་པ།
བཤད་གྲྭའི་ཡིག་ཚད་སྡེ་ཚན་ནི་བཤད་གྲྭའི་འཛིན་སྐྱོང་གིས་བསྐོ་བཞག་བྱས་པའི་ཚོགས་མི་གཉིས་ལས་གྲུབ་པའི་སྡེ་ཚན་ཞིག་ཡིན། ཡིག་ཚད་སྡེ་ཚན་གྱི་ངོས་ནས་རྒྱུན་དུ་ལོ་ཕྱེད་དང་ལོ་འཁོར་ཡིག་རྒྱུགས་ཀྱི་དྲི་ཤོག་ལ་ཞིབ་བཤེར་དང་དོ་དམ་བྱེད་པ། རྒྱུགས་སྤྲོད་དོ་དམ་གྱི་རྐང་འགན་འཁུར་བ། འབྲི་ཤོག་གི་གསང་བ་དམ་སྲུང་བྱེད་པ། ཡིག་རྒྱུགས་སྐར་གྲངས་ལ་ཞིབ་བཤེར་ནན་མོ་བྱེད་པ། དེ་བཞིན་ལོ་རེ་བཞིན་དབུ་མ། བསྟན་བཅོས། སློབ་དཔོན་བཅས་ཀྱི་བསླབ་པ་མཐར་སོན་རྣམས་ཀྱི་ཕྱག་འཁྱེར་སྤྲོད་ཕྱོགས་ལ་དོ་དམ་བྱེད་པ་བཅས་ཏེ། མཁན་པོའི་ཕྱག་འཁྱེར་ཕུད་པའི་བཤད་གྲྭ་འདིའི་ཡིག་རྒྱུགས་དང་འབྲེལ་བའི་ལས་དོན་ཐམས་ཅད་ཀྱི་འགན་འཁུར་བྱེད་ཀྱི་ཡོད།
སྤྱི་ལོ་ ༢༠༠༥ ནས་སྤྱི་ལོ་ ༢༠༡༧ བར་གྱི་ཡིག་ཚད་སྡེ་ཚན་གྱི་རྒྱུགས་སྤྲོད་དོ་དམ་པའི་མཚན་ཐོ། (ལས་ཡུན་རིང་ཐུང་ཅི་རིགས།)
མཁན་པོ་དཔལ་བསམ། མཁན་པོ་འཇམ་དབྱངས་མཁྱེན་བརྩེ། མཁན་པོ་བསམ་འགྲུབ།
མཁན་པོ་ཐུབ་བསྟན་འབྲུག་གྲགས། མཁན་པོ་འཇམ་དབྱངས་ཆོས་འཕེལ། མཁན་པོ་ཚེ་དབང་རིག་འཛིན།
༢༠༡༨ ལོའི་ལས་ཐོག་རྒྱུགས་སྤྲོད་དོ་དམ་པ་གཉིས།
མཁན་པོ་ཀུན་བཟང། དགེ་རྒན་ཀུན་དགའ་ལྷུན་འགྲུབ།