མཁན་རབས་བཅུ་དྲུག་པ།

 

༈ འཕགས་ཡུལ་རྫོང་སར་བཤད་གྲྭའི་མཁན་རབས་བཅུ་དྲུག་པ་མཁན་པོ་འཇམ་དབྱངས་ཆོས་འཕེལ་མཆོག

 

མཁན་པོ་འཇམ་དབྱངས་ཆོས་འཕེལ།

 

 

སྤྱི་ལོ་ ༡༩༧༩ ལོར་འཁྲུངས། དགུང་ལོ་བརྒྱད་ནས་བཅུ་གཅིག་བར་བོད་ཡིག་དང། ཨང་རྩིས། རྒྱ་ཡིག་བཅས་ལ་སློབ་གཉེར་གནང། སྤྱི་ལོ་ ༡༩༩༢  ལོར་རབ་ཏུ་བྱུང་ནས་འདོན་རྟ་དབྱངས་སོགས་སྦྱངས། སྤྱི་ལོ་ ༡༩༩༨ ལོར་རྫོང་སར་བཤད་གྲྭར་འཛུལ་ཞུགས་ཀྱིས་གྲགས་ཆེན་བཅོ་བརྒྱད་ཆ་ལག་དང་བཅས་པར་སློབ་གཉེར་མཛད། སྤྱི་ལོ་ ༢༠༠༢ ལོར་དབུ་མ་དང་། ༢༠༠༥ ལོར་བསྟན་བཅོས། ༢༠༠༧ ལོར་སློབ་དཔོན་འཛིན་གྲྭ་བཅས་ལེགས་པར་ཐོན་པའི་ཕྱག་འཁྱེར་བཞེས། སྤྱི་ལོ་ ༢༠༡༣ ལོར་མཁན་པོའི་མཚན་གནས་བཞེས། ལོ་དེར་བཤད་གྲྭའི་དྲུང་ཆེ་མཛད། སྤྱི་ལོ་ ༢༠༡༥ ལོ་ནས་བཟུང་ཡིག་ཚད་སྡེ་ཚན་དུ་རྒྱུགས་ཞིབ་པའི་ཐུགས་འགན་བཞེས།

སྤྱི་ལོ་ ༢༠༡༤ ལོར་དཔལ་ས་སྐྱའི་གདུང་སྲས་ཨ་བྷ་ཡ་བཛྲ་རིན་པོ་ཆེ་མཆོག་གི་དགེ་རྒན་དུ་ཕེབས་ཤིང་། ལོ་དེར་གདུང་སྲས་རིན་པོ་ཆེའི་ལྷན་དུ་བཤད་གྲྭར་འབྱོར་ཞིང་རིན་པོ་ཆེའི་དགེ་རྒན་གྱི་ཐུགས་འགན་མུ་མཐུད་བཞེས་ཏེ་བཤད་གྲྭ་འདིར་འཆད་ཁྲིད་ཀྱི་ཕྱག་ལས་མཛད།

སྤྱི་ལོ་ ༢༠༢༠ སྤྱི་ཟླ་ ༥ པ་ནས་༸སྐྱབས་རྗེ་རྫོང་སར་མཁྱེན་བརྩེ་རིན་པོ་ཆེས་འཕགས་ཡུལ་རྫོང་སར་བཤད་གྲྭའི་ལས་ཐོག་མཁན་པོར་བསྐོས་ཏེ་ད་ལྟ་རྫོང་སར་བཤད་གྲྭའི་ལས་ཐོག་མཁན་པོའི་ཐུགས་འགན་བཞེས་བཞིན་པ་བཅས་སོ། །