དཔེ་མཛོད།

༄༅། །དཔེ་མཛོད་བཀྲ་ཤིས་སྒོ་མང་།

 

རྫོང་སར་དཔེ་མཛོད་བཀྲ་ཤིས་སྒོ་མང་ནི་སྤྱི་ལོ་ ༢༠༠༥ ལོར་གསར་དུ་བཙུགས། ཞིང་གཤེགས་དམ་པ་མཁན་རིན་པོ་ཆེ་ཀུན་དགའ་དབང་ཕྱུག་མཆོག་གིས་དཔེ་མཛོད་ཀྱི་མིང་དཔེ་མཛོད་བཀྲ་ཤིས་སྒོ་མང་ཞེས་བཏགས། དཔེ་མཛོད་ཁང་ནང་བོད་དང་། རྒྱ་དཀར་ནག ཨིན་སྐད་སོགས་སྐད་རིགས་མི་འདྲ་བ་དུ་མའི་ཐོག་ནས་རིག་པའི་གནས་བཅུ་ཀའི་སྐོར་ལ་དཔེ་དེབ་ཉི་ཁྲི་ལས་བརྒལ་བས་གཏམས་ཤིང་། ཁྱད་པར་དུ་བཀའ་བསྟན་འགྱུར་དང། བོད་ཀྱི་ཆོས་བརྒྱུད་རིས་སུ་མ་ཆད་པའི་མཁས་གྲུབ་རྣམས་ཀྱི་གཞུང་ཆེན་དཀའ་འབུམ་སོགས་བཞུགས་སུ་གསོལ། དཔེ་དེབ་དེ་དག་ལས་གཡར་ཆོག་པ་དང་མི་ཆོག་པ་དུ་མ་ཡོད་པ་ལས། ལོ་རེའི་སློབ་ཚན་དང་འབྲེལ་བ་ཡོད་པའི་གཞུང་གི་རྩ་བ་དང་འགྲེལ་བ་རྣམས་ལོ་གཅིག་གི་རིང་དགེ་སློབ་ཡོངས་ལ་གཡར་བཞིན་པ་དང་། དེ་དང་མ་འབྲེལ་བའི་དེབ་རྣམས་བདུན་ཕྲག་གཉིས་ཙམ་གྱི་རིང་གཡར་ཆོག གཞན་ཡང་དཔེ་ཀློག་བྱེད་སའི་སྡེ་ཚན་གྱི་དེབ་རྣམས་གཡར་མི་ཆོག་པ་ཡིན། དེབ་དེ་དག་བཤད་གྲྭའི་དགེ་སློབ་ཙམ་ལ་མ་ཡིན་པར་ཕྱི་ལོགས་ཀྱི་དགེ་རྒན་དང་། ཞིབ་འཇུག་པ། སློབ་གཉེར་བ་རྣམས་ལའང་གཡར་བཞིན་ཡོད། བཤད་གྲྭའི་འཛིན་སྐྱོང་ཚོགས་པས་དཔེ་མཛོད་ལ་ལྟ་རྟོག་བྱེད་མཁན་འགན་འཛིན་གཅིག་དང་གཞན་ལས་རོགས་གཉིས་དང་བཅས་དོ་དམ་པ་གསུམ་བཀོད་སྒྲིག་བྱས་ཡོད། དོ་དམ་པའི་ཕྱག་ལས་གཙོ་བོ་དཔེ་དེབ་ཡར་མར་གཡར་རྒྱུ་དང་། དེབ་གང་དགོས་ཉོ་རྒྱུ། གཞན་ཡང་ད་ལྟའི་ཆར་ཁོང་རྣམ་པས་དཔེ་མཛོད་ཀྱི་དཔེ་དེབ་ཡོངས་རྫོགས་ཀྱི་དཀར་ཆག་དྲྭ་ཐོག་ལ་འཇུག་བཞིན་པའི་ལས་རིམ་ཆེན་པོ་ཞིག་སྐྱོང་བཞིན་པ་རེད།

 

དཔེ་མཛོད་དོ་དམ་པ།

འགན་འཛིན།  ཚེས་གསུམ་དོན་འགྲུབ།

ལས་རོགས།  ངག་དབང་ཆོས་ལྡན། ཐུབ་བསྟན་ཉི་མ།