ཇི་ལྟར་འབྱོར།

༄༅། །རྫོང་སར་བཤད་གྲྭར་ཇི་ལྟར་འགྲོད་ཚུལ།

 

མཁའ་ལམ། རྒྱ་གར་གྱི་རྒྱལ་ས་ལྡི་ལི་ནས་རྡ་རམ་ས་ལའི་གྷ་གྷལ་གནམ་ཐང་(Gaggal Airport)བར་དུ་གནམ་གྲུར་བསྡད་དེ་ཕེབས་ན་ཆུ་ཚོད་གཅིག་དང་ཕྱེད་ཀྱི་ནང་ལ་འབྱོར་ཐུབ། གྷ་གྷལ་གནམ་ཐང་ནས་བཤད་གྲྭ་བར་གླ་འཁོར་ཆུང་གྲས་ལ་ཧིན་སྒོར་༡༠༠༠ནས་༡༢༠༠བར་དང། སྤྱི་སྤྱོད་རླངས་འཁོར་ཐོག་ཕེབས་ན་གྷ་གྷལ་ནས་པ་ལམ་པུར་(Palampur)དང་། པ་ལམ་པུར་ནས་བྷེ་ཇི་ནཱ་ཐི(Baijnath)། བྷེ་ཇི་ནཱ་ཐི་ནས་ཅཱོན་ཏ་ར་(Chauntra)བར་ཕེབས་ནས་ཅཱོན་ཏ་ར་ནས་གླ་འཁོར་ལ་ཧིན་སྒོར་༥༠སྤྲད་ན་བཤད་གྲྭར་འབྱོར་བ་ཡིན། སྐབས་རེ་གྷ་གྷལ་ནས་ཐད་ཀར་ཅཱོན་ཏ་ར་ལ་འགྲོ་བའི་སྤྱི་སྤྱོད་རླངས་འཁོར་ཡང་རག་གི་ཡོད།

ས་ལམ། རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཡོད་པའི་བོད་མིའི་གནས་ཡུལ་མན་ཇུ་ཊི་ལའི་ནིར་མལ་ཧིར་ཌཱི་ཡི་ཤུའི་ལྷ་ཁང་(Nirmal Hriday Church, Manjnu Ka Tilla)གི་མདུན་ནས་ཐོན་ཏེ་ཇྷོ་གྷིན་དྷར་ན་གར་(Jogindar Nagar)ལ་འགྲོ་བའི་སྒེར་གྱི་སྤྱི་སྤྱོད་རླངས་འཁོར་དུ་བསྡད་དེ་ཡོང་ན་ཅཱོན་ཏ་རར་ཐད་ཀར་འབྱོར་ཐུབ། སྤྱི་སྤྱོད་རླངས་འཁོར་འབོལ་པོ་སྤྱི་སྤྱོད་རླངས་འཁོར་(Volvo Bus)ཡིན་པ་དང། རླངས་འཁོར་གྱི་བརྡལ་གླ་མི་རེར་ཧིན་སྒོར་༩༠༠ཡས་མས་ཡིན། རྒྱལ་ས་ལྡི་ལིའི་ཀཱ་ཤི་མིར་རྒྱལ་སྒོའི་(Kashimiri Gate) ISBTསྤྱི་སྤྱོད་རླངས་འཁོར་འབབ་ཚུགས་ནས་གཞུང་གི་དྲོད་སྙོམ་སྤྱི་སྤྱོད་རླངས་འཁོར་ཡང་ཡོད་མོད། ཅཱོན་ཏ་རར་འགྲོ་བའི་སྤྱི་སྤྱོད་རླངས་འཁོར་དེ་ཙམ་མི་བཟང།

དགོས་རྒུའི་འབྲེལ་གནས།