
༈ མཁྱེན་རབ་དཔལ་ལྡན།
མཁྱེན་རབ་དཔལ་ལྡན་མཆོག་ནི། ཡབ་ཨ་ཕོ་དང་ཡུམ་སྒྲོལ་བདེ་གཉིས་ཀྱི་སྲས་སུ་ཕྱི་ལོ་ ༡༩༧༨ ཟླ་བ་༣ ཚེས་༨ ཉིན་འཁྲུངས། ཕྱི་ལོ་ ༡༩༩༨ ལོར་རྫོང་སར་བཤད་གྲྭར་ཞུགས་ཏེ་གཞུང་ཆེན་ཁག་ལ་ཐོས་བསམ་ལོ་མང་གནང་། དགུང་ལོ་ཉེར་གཅིག་ཐོག་༸ངོར་ཀླུ་ལྡིང་མཁན་རིན་པོ་ཆེ་འཇམ་དབྱངས་བསྟན་པའི་ཉི་མ་མཆོག་གི་སྐུ་མདུན་ནས་དགེ་སློང་གི་སྡོམ་པ་ཞུས།